༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གང་བྱུང་ཚིག་བཅུ་མ། | 2012/4/29 13:28:00

ཐོག་མར་བཤེས་གཉེན་བསྟེན་ཚུལ་ཚད་ལྡན་ལ།།

མཚན་ཉིད་གསུམ་དང་སུམ་བཅུ་ལ་སོགས་ཏེ།།

གཞུང་ལུགས་མི་མཐུན་དབྱེ་བ་མང་ན་ཡང་།།

དེ་སོགས་གང་ཞིག་རྒྱུད་ལྡན་སངས་རྒྱས་དངོས།།

 

རང་རྒྱུད་ལོག་པའི་རྙེད་བཀུར་ཆེ་འདོད་ཀྱིས།།

རྒྱལ་བའི་བཀའ་ལུང་བསྙད་ཁུལ་བྱེད་ན་ཡང་།།

གཞན་རྒྱུད་མི་གྲོལ་དུག་ཆུ་ལྟ་བུ་ཡིས།།

རང་གཞན་གཉིས་ག་འཆི་རུ་འགྲོ་བས་སྤངས།།

 

མཐར་ཐུགས་ངེས་ལེགས་སྒྲུབ་པའི་བློ་སྟོབས་དང་།།

ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཅན།།

གདམ་ངག་ཟབ་མོར་དད་གསུམ་ལྷོད་མེད་ཀྱིས།།

སྐྱོང་བར་ནུས་ལྡན་སློབ་བུ་དམ་པའི་མཆོག།

 

བོན་ཉན་ཚུལ་དུ་ཡོད་ཀྱང་ཚིག་གཅིག་གམ།།

མ་ཐོས་པ་འདྲ་ཐོས་ཀྱང་བློ་ཡུལ་ལ།།

མ་ཟིན་ཟིན་ཀྱང་སྙན་གྲགས་དུག་ལྔ་སོགས།།

སྣོད་ཀྱི་སྐྱོན་ཅན་སློབ་མ་དུས་རྣམ་སྤོང།།

 

ཚེ་རབས་སྔོན་མས་བསགས་པའི་དགེ་ཚོགས་ཀྱིས།།

སྐྱེ་དཀའ་གླིང་བཞིའི་ནང་ཚན་མཆོག་གྱུར་བ།།

ལྷོ་རྒྱལ་འཛམ་གླིང་སོར་ཁ་ཞེས་པ་དེར།།

དལ་འབྱོར་རྐང་གཉིས་འདབ་མ་བཞད་པ་མཚར།།

 

དགེ་མཚན་བཅོ་བརྒྱད་ལྡན་དང་མ་ལྡན་པ།།

རང་བློ་རང་གིས་ལྐོགས་སུ་མ་གྱུར་བས།།

བརྟག་དང་དཔྱད་ལ་ལྡན་ན་དགའ་བ་སྒོམ།།

མ་ལྡན་བཙལ་བས་ཐབས་ལ་བརྩོན་པར་གྱིས།།

 

སྐྱེ་ཚད་འཆི་བའི་རང་བཞིན་ཡིན་པ་ལ།།

དུས་གསུམ་གང་ཡིན་ནམ་འཆི་ངེས་མེད་དང་།།

གཉེན་འབྲེལ་འཁོར་འབངས་ལ་སོགས་ཡོངས་སྐོར་ཡང་།།

མི་ཕན་གཤིན་རྗེ་སླེབ་པ་ཆོས་ཉིད་ཡིན།།

 

                       དེང་དུས་ཕྱི་མར་འགྲོགས་བའི་སྡོང་གྲོགས་ཞིག།

 དགེ་བའི་འཆི་རྒྱགས་རེ་ཞིག་མ་སྒྲུབ་ན།།

                       ཤི་དུས་སྡུག་བསྔལ་མི་བཟོད་པ་ཞིག་འོང་།།

དུས་སུ་འགྱོད་ཀྱང་ཕན་པ་ག་ལ་ཡོད།།

 

འཁོར་བའི་བཙོན་ར་སྲིན་མོའི་འཛུམ་བག་ལ།།

འཕྲེང་ཤིང་ཆགས་ན་སླུ་བའི་རྒྱུར་མ་གཏོགས།།

དེ་ལ་བདེན་པ་བདེ་སྐྱིད་མེད་ངེས་པ།།

ཚད་གསུམ་ཟུང་འབྲེལ་ལམ་ནས་གཏན་ཕབ་ཡོད།།

 

དེ་ལས་ངེས་བར་འབྱུང་འདོད་བློ་གྲོས་ཅན།།

ཡོད་ན་ད་རེད་དགེ་ཞིག་མ་སྒྲུབ་ན།།

ཐར་བའི་ལམ་སྣ་ཟིན་བའི་དུས་གཅིག་མེད།།

དེ་བས་དགེ་བར་མི་ཚེ་སྐྱེལ་ལ་སྦྱོང་།།

༢༠༡༢ ༣ ༤ཉིན་

Re:གང་བྱུང་ཚིག་བཅུ་མ། | 2012/5/3 14:30:51
yungdongདྲྭ་གྲོགས་གིས་མཛུབ་སྟོན་གནང་བར་བཀའ་དྲིན་ཆེ།
Re:གང་བྱུང་ཚིག་བཅུ་མ། | 2012/4/29 20:36:19
སྐུ་མགྲོན་wCSe7I(སྐུ་མགྲོན)སྤྲུལ་པའི་སྐུ་མཆོག་:གཤེན་རྗེ་:གཤིན་རྗེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
རྩོམ་པ་པོ།:སྐུ་མགྲོན་wCSe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.