༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧ཀ་རྩོམ་རང་མཚང་ལ་སྐུལ་མ། | 2012/1/6 17:53:00

           ༧ཀ་རྩོམ་རང་མཚང་ལ་སྐུལ་མ།

ཀ་མེད་སྡུག་པོ་གྲྭ་རྒན་ང་ཡིས།།

ཁ་ནས་གཞུང་ལུགས་འཆད་ཁུལ་བྱས་ཀྱང་།།

ག་ལོག་མ་ཆོད་དོན་ཞིག་ལབ་པ།།

ང་ཡི་རང་མཚང་མིན་ནམ་དེ་ཅི།།

ཅ་ཅོ་སྒྲོགས་པའི་གྲྭ་རྐྱང་རང་གི།

ཆ་ལུགས་མི་འཛེམ་གང་འདོད་སྤྱོད་པ།།

ཇ་ཁང་དང་ནི་ཆང་ཁང་ཉུལ་བ།།

ཉ་ར་མི་བྱེད་རང་མཚང་མིན་ནམ།།

ཏ་ཐྰ་ག་ཏའི་བསྟན་སྒོར་ཞུགས་ནས།།

ཐ་མལ་སྤྱོད་པ་སྔར་བཞིན་མ་སྤངས།།

ད་དུང་བཙུན་པའི་ངང་ཚུལ་འཛིན་པ།།

ན་ཆུང་ང་ཡི་རང་མཚང་མིན་ནམ།།

པ་སངས་ལྟ་བུའི་ལྷག་བསམ་ངང་གིས།།

ཕ་ཆོས་གཙང་མ་རྒྱུད་འཛིན་བྱས་ནས།།

བ་དན་བཞིན་དུ་མཐོན་པོར་བསྒྲེང་བ།།

མ་འོངས་མི་བུའི་འོས་འགན་མིན་ནམ།།

ཙ་རི་རི་བོའི་དབེན་སར་ཉུལ་ནས།།

ཚ་གྲང་དཀའ་ངལ་ཁྱད་དུ་བསད་དེ།།

ཛ་ཡའི་ཐུགས་ཉིད་ངོ་བོར་སྐྱོང་བ།།

ཝ་གཞན་བླ་གྲྭའི་འོས་འགན་མིན་ནམ།།

ཞྭ་བཞིན་གཅེས་བའི་རིགས་མཐུན་བོད་པ།

ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ།།

འ་ཅག་བོད་པའི་རིག་གཞུང་གཙང་མ།།

ཡ་མཚན་མིན་ཟེར་ངོ་ཚ་མིན་ནམ།།

ར་ལུག་དུད་འགྲོའི་རང་བཞིན་སྐྱོངས་པས།།

ལ་རྒྱའི་རིག་གནས་ཡེ་ནས་མ་འདོར།།

ཤ་ཚའི་སྙིང་གཏམ་ཚིག་གི་དྭངས་མ།།

ས་ཁྱོན་ཡངས་པོར་མཐོན་པོར་སྒྲེང་ཅིག།

ཧ་ཧ་དྲུང་མུའི་འཆལ་གཏམ་འདི་ནི།།

ཨ་ཁུ་རྣམས་པར་སྒྲེང་བ་ལགས་སོ།།

                          ༢༠༡༡ ༡༡ ༡༣

 

Re:༧ཀ་རྩོམ་རང་མཚང་ལ་སྐུལ་མ། | 2012/5/19 4:20:24
གདོང་དམར་བ(སྐུ་མགྲོན)གྲོགས་པོ་ལགས་ཀ་རྩོམ་ཡག་པོ་བྲིས་འདུག་འོན་ཀྱང་ཐུགས་གཟབ་གཟབ་གནང་རོགས་མཁྱེན་ཞུ་ཞུ།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
འུ་ཡ་ཡ། རྗེས་མར་ཕེབས་ཤོག
རྩོམ་པ་པོ།:གདོང་དམར་བ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ཀ་རྩོམ་རང་མཚང་ལ་བསྐུལ་མ། | 2012/1/8 18:11:32
yungdongགྲོགས་པོ་དག་གིས་བདག་ལ་སློབ་སྟོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།རང་སྐྱོན་རང་གིས་མཐོང་བ་དཀའ།། གཞན་སྐྱོན་རང་གིས་མཐོང་བ་སླ་ཞེས་པ་ལྟར་རྩོམ་ཡིག་གི་བརྗོད་བྱའི་དོན་དང་བརྗོད་བྱེད་ཚིག་གི་སྡེབ་སྦྱོར་སོགས་ཀྱི་ནོར་བ་གང་ཡིན་ཡང་བདག་ལ་མཛུབ་སྟོན་གནང་བ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་ཞུ།
Re:༧ཀ་རྩོམས་རང་མཚང་ལ་བསྐུལ་མ། | 2012/1/7 22:14:10
གནམ་ཁོ(སྐུ་མགྲོན)དྲ་བདག་གིས་ཡིག་ནོར་དག་ལ་ཐུགས་མཉམ་རེ་འཇོག་པར་མཁྱེན་མཁྱེན།
རྩོམ་པ་པོ།:གནམ་ཁོ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ཀ་རྩོམས་རང་མཚང་ལ་བསྐུལ་མ། | 2012/1/6 20:57:39
yxlzགྲོགས་སྤྲུལ་གཡུང་དྲུང་བསྐལ་བཟང་ལགས་བདེ་མོ། ངོ་མ་བཤད་ན་ཁྱོད་རང་ཟིན་བྲིས་སྤེལ་བའི་ཆ་ནས་གྲངས་འབོར་ཆེས་མང་བའི་ཟིན་བདག་ཞིག་ཏུ་མ་ཚད་ཁྱུ་མཆོག་ཟིན་བྲིས་པ་ཞིག་རེད་འདུག འུ་གཉིས་གྲོགས་པོ་ཡིན་པའི་ཆ་ནས་ངས་ཁྱོད་ཀྱི་ཟིན་ཐོག་ནས་ཁྱོད་དང་འབྲེལ་བ་དམ་ཟབ་ཡོད་པའི་ཧི་བོན་ཟིན་བྲིས་ཀྱི་ལང་ཚོ་ཟུར་ཙམ་གླེང་། ད་སྐབས་ཧི་བོན་ཟིན་བྲིས་ཉོག་རེད། ཅི་ཞེ་ན། སྒྲིག་སྐྱོན་མ་ཡིན་པའི་ཡིག་ནོར་གྱིས་བཀང་བའི་ཟིན་བྲིས་མང་པོ་ཞིག་ཡོད་པས་རེད། ཀ་རྩོམ་རང་མཚང་ལ་བསྐུལ་མ་ནི་དེའི་ཁྲོད་ཀྱི་རྩོམ་ཡིག་ཅིག་རེད། ཁྱུ་མཆོག་ཟིན་བྲིས་པ་དག་གིས་འདི་ལྟར་བྲིས་ན་གང་ཞིག་མཆོག་ཏུ་བརྩི་དགོས། ཀ་རྩོམ་རང་མཚང་བསྐུལ་བ་ནི་ངོ་མ་རང་མཚང་བཤམས་སྟོན་ཞིག་བྱས་པ་ལས་གཞན་མེད་ཀི ངས་ངོ་མ་བཤད་ནི་ཡིན། འདི་ལྟར་སོང་ན་ཧི་བོན་ཟིན་བྲིས་ཉོག་རེད། གཞན་གྱིས་ཧི་བོན་ཟིན་བྲིས་ལ་བོན་གྱི་ཟིན་བྲིས་ཟེར་བཞིན་ཡོད་ས་རེད། དེ་ལྟར་ཡིན་ན་བོན་གྱི་ཟིན་བྲིས་ཉོག་རེད། བོན་གྱི་ཟིན་བྲིས་ཉོག་ཏུ་མི་འགྲོ་བའི་ཆེད་དུ་འུ་ཚོ་ཚང་མས་འབད་པ་སྟོང་ཕྲག་བྱས་ནས་རྩོམ་ཡིག་བཟང་པོ་ཞིག་སྤེལ་ན་འུ་ཚོའི་གཟི་བརྗིད་ཡིན་པར་མ་ཟད་བོད་པའི་རྩོམ་རིག་གི་གཟི་བརྗིད་རེད། ངས་འདི་ལྟར་འབྲི་དགོས་པ་ནི་ཧི་བོན་ཟིན་བྲིས་ཀྱི་ལང་ཚོའི་ཆེད་དང་གྲོགས་ཀྱི་རྩོམ་རིག་གི་ལང་ཚོའི་ཆེད་ཡིན། གྲོགས་པོ་དགོངས་འགལ་མེད་པར་མཁྱེན། བོན་ནག་ཚང་གིས་གནའ་མཁར་ཟི་ལིང་ནས།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་བོན་ནག་ཚང་ལགས་ཕེབས་ནས་བདག་ལ་སློབ་སྟོན་གནང་བ་བཀའ་དྲིན་ཆེ།བདག་གིས་འབད་འབུངས་དང་ཧུར་བརྩོན་བྱེད་ངེས་ཡིན།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
རྗེས་མ་ཕེབས་པར་རེ་ལྟས་བྱས་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.