༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧ རྟོགས་བརྗོད་པད་དཀར་གཞོན་ནུ། | 2012/5/8 13:18:00

    '190'){this.resized=true;this.style.height=190+'px';}">

                                                 སྐྱང་སྤྲུལ་མུ་ལ་ཝེར་ཞིའི་མཛད་པ་རགས་རིམ་ཙམ་བཀོད་པ།

        ཀ་དག་ལྟ་བར་གདེང་ཐོབ་པ།།ཁ་དོག་ཤེལ་དཀར་བུམ་པ་བཞིན།།

ག་ནས་བཞུགས་ཀྱང་སྒྲིབ་བྲལ་བ།།ང་ཡི་བླ་མ་སྐྱང་སྟོན་བསྟོད།།

ཅ་ཅོའི་སྒྲ་དབེན་དཀར་མོ་རི།།ཆ་མ་མཆིས་པའི་གནས་རི་སོགས།།

ཇ་རྩམ་ཙམ་རྟེན་ལྟ་སྒོམ་ལ།།ཉ་མོ་མཚོ་རྩེད་བཞིན་དུ་སྐྱོང་།།

ཏ་ཐ་ག་ཏའི་བསྟན་པ་ལ།།ཐ་ཚན་མཁྱེན་བའི་མངའ་བརྙེས་ཏེ།།

ད་ནི་འགྲོ་དོན་མཛད་པ་རྣམས།།ན་ཆུང་དུས་ནས་མངོན་མཁྱེན་བཤད།།

པ་བྲག་སྡིག་བཀག་དགེ་བསྐུལ་དང་།།ཕ་བོང་སོགས་ལ་བཀའ་རྟགས་བཞག།

བ་མོ་ཉི་མས་བཅོམ་པ་ལྟར། །མ་མོ་གདོན་བགེགས་བདེ་ལ་བཀོད།།

ཙ་རིར་གནས་སྐོར་ཕེབས་པ་ལ། །ཚ་གྲང་སྐུ་ཚེགས་མ་འཛེམས་པར།།

ཛ་ཡའི་བསྟན་པ་སྤྱི་རྣམས་ནི།།ཝ་ལེར་ཐུགས་དགོངས་ངོགས་སུ་འཁྲུངས།།

ཞྭ་དཀར་དམར་སེར་ཕྱོགས་འཛིན་མེད།།ཟ་ཉལ་འགྲོ་འདུག་གང་ལམ་ཁྱེར།།

འ་འུར་འདུ་འཛིས་ལས་སྤངས་ནས།།ཡ་རབས་གོང་མའི་རྣམ་ཐར་བཞེས།།

ར་ཛ་ཆེན་པོས་བཀའ་ཤོག་སྩལ།།ལ་ལུང་ཀུན་ཕེབས་བཀའ་འཁོར་བསྐོར།།

ཤ་ཆང་དུག་ལྟར་དོར་བ་སོགས།།སཱ་ལའི་ལྗོངས་འདིར་མཛད་ཚུལ་མང་།།

ཧ་ཏན་ཐེག་ཆུང་གསུང་གི་སྐོར།།ཨ་ཧོ་ཞལ་གདམས་ཉམས་མགུར་སོགས།།

ཧ་ལམ་མཛད་པ་རགས་རིམ་ཙམ།།ཨ་ཁུ་རྣམས་པའི་སྙན་གསོན་འཚལ།།

         ༢༠༡༢ ༤ ༡༨ཉིན་མཚམས་ཁང་བསམ་གཏན་གུར་ནང་ནས་གུས་བས་བྲིས།

Re:༧ རྟོགས་བརྗོད་པད་དཀར་གཞོན་ནུ། | 2012/5/9 11:34:43
jisayགྲོགས་པོ་ལགས་ཡག་པོ་བྲིས་འདུག འོན་ཀྱང་ཡིག་ནོར་འགའ་ཤས་ཞིག་འདུག་བསམ་སོང་། རྗེས་ཕྱོགས་རྩོམ་ཡིག་གང་མང་ཞིག་སྤེལ་ཡོང་བར་རེ་སྒུག་བྱས་ཡོད།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
ཨོ་ལགས་སོ་སློབ་བསྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
Re:༧ རྟོགས་བརྗོད་པད་དཀར་གཞོན་ནུ། | 2012/5/9 11:32:15
jisayགྲོགས་པོ་ལགས་ཡག་པོ་བྲིས་འདུག འོན་ཀྱང་ཡིག་ནོར་འགའ་ཤས་ཞིག་འདུག་བསམ་སོང་། རྗེས་ཕྱོགས་རྩོམ་ཡིག་གང་མང་ཞིག་སྤེལ་ཡོང་བར་རེ་སྒུག་བྱས་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.