༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧  དཀའ་བ | 2012/1/1 14:38:00

  དཀའ་བའི་ལས་ཞིག

 

གངས་རི་ར་བའི་སྐོར་ཞིང་།།བསིལ་ལྡན་ཁ་བའི་ལྗོངས་སུ།།

མི་ཚེའི་ངུ་སྐད་ཐོག་མ།།ནོར་ལུག་འབའ་སྒྲའི་ལྷན་དུ།།

 

སྐྱེ་སྔོན་བསགས་བས་རྒྱུ་ལ།།འཆི་ཁའི་གསོས་བཏབ་རྐྱེན་གྱིས།།

རྐང་གཉིས་ལང་ཚོའི་འདབ་མ།།འཛིན་མའི་ཁྱོན་དུ་བཞད་ཡོད།།

 

སྐྱེ་དཀའ་གླིང་བཞིའི་ནང་ཚན།།ལྷོ་རྒྱལ་འཛམ་གླིང་སོར་ཀར།།

ལུས་རྟེན་ད་རེད་རྙེད་པ།།གདོད་མའི་ལེགས་བྱས་ཡིན་སྙམས།།

 

ཐོབ་དཀའ་རིན་ཆེན་ནོར་ལས།།དལ་འབྱོར་བཅོ་བརྒྱད་མི་ལུས།།

ཉིན་མོའི་སྐར་བཞིན་དཀོན་པ།།ཤར་བ་ད་ཐེངས་ལན་གཅིག།

    

ཕྲད་དཀའ་བསྟན་པའི་རྒྱན་གཅིག།འཕྲུལ་ངག་གཡུང་དྲུང་བོན་ལ།།

ལྟ་ཀློག་མཛད་བས་སྐལ་བ།།གོ་སྐབས་ལྡན་པ་ད་རེད།།

 

མཇལ་དཀའ་སངས་རྒྱས་སྔོན་བྱོན།།རིག་འཛིན་ལོ་པཎ་རྣམས་ཞལ།།

མཇལ་སྐལ་མེད་ཡང་ད་ལྟ།།མཚན་ལྡན་བླ་མའི་ཞབས་ཟིན།།

༢༠༡༡ ༡༡ ༣༠

Re:༧  དཀའ་བ | 2012/1/2 19:05:01
yongzhouགྲོགས་པོ་མཇལ་བར་དགའ་ནི་ཡིན། རེད་དེ་ནམ་རྒྱུན་དོགས་ཟོན་དགོས་པ་ནི་ཡིག་ནོར་རིགས་སོ།
ཡ་བྲང་གཡུ་འབྲུག་གིས།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོས་བདག་ལ་སློབ་སྟོན་གནང་བར་སྙིང་ནས་བཀའ་དྲིན་ཞུ།
Re:༧  དཀའ་བ | 2012/1/1 21:11:50
snowyouthགྲོགས་ཁྱོད་རྒྱུན་པར་རྩོམ་འབྲིའི་ལས་སུ་ཞུགས་པའི་རེ་བ་ཡོད།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ཕེབས་པར་དགའ་བསུ་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.