ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
(སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/12 17:22:00

དྲ་གྲོགས་ལགས། ངས་སྔ་ས་ནས་ངེད་གཉིས་ཀྱི་རྩོད་པ་འདིས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་སྲིད་ཞུ་ཞིག་བསྒྲུབ་མི་ཐུབ་པ་དེ་ཤེས་སོང་ལ། དེ་ཕྱིར་ངས་ཁྱོད་ལ་མུ་མཐུད་གྲུབ་མཐའི་བར་ཀྱི་རྙོག་ཕྲ་དེ་མི་གླེང་ན་བཟང་ཚུལ་གྱི་བརྡ་ཞིག་བསྟན་པ་ཡིན། འོན་ཀྱང་ཁྱོད་ལ་འབྱུང་ཁམས་ཅི་ཞིག་འཁྲུག་སོང་བ་ཡིན་ན་ཆ་མ་འཚལ་བའི་རྫུན་གཏམ་མང་པོ་ཞིག་དྲ་ངོས་སུ་བཀོད་ཀྱང་བྱེད་བཞིན་འདུག་པས། ངས་ངོ་མ་ཡག་ཉེས་ཁྱོད་ཀྱིས་བོན་ཆོས་གཉིས་ཀྱི་བར་ལ་རྩོད་བརྙོག་ཅི་ཞིག་གཡུག་བརྩིས་ཡོད་ན་དྲན་ཡོང་གི། ཡང་ཁྱོད་ཀྱིས་ཕྱོགས་གཞན་ཞིག་ནས་བཤད་ན་ང་ལ་ཤེས་རབ་ཀྱི་རྩལ་ཇི་ཡོད་བལྟ་རྒྱུ་དེ་གཙོ་བོ་ཡིན་ཟེར། ཁྱོད་ལ་དེ་འདྲའི་ལས་ཀ་མེད་དྲགས་པ་ནི་ངོ་མ་ཡ་མཚན་རེད་ལ། གལ་སྲིད་དེ་ལྟར་ཡིན་ན་སྐུ་མཁྱེན་ཁྱོད་ཀྱིས་ང་རྩེད་ཆས་ཞིག་ཏུ་བེད་མི་སྤྱོད་རོགས་གནང༌།
ཡང་གཅིག་ནི། ད་ལན་ཁྱོད་ཀྱིས་ང་མཁས་པའི་གོ་སར་དང་ཁྱོད་གླེན་པའི་གྲལ་ལ་བཞག་འདུག་པ་ནི། བསྟོད་མ་ཤེས་པས་བསྟོད་པ་ལས་སྨད་མ་ཤེས་པས་སྨད་ན་དགའ། ཞེས་པ་ལྟར་སོང་འདུག་པས་ཐུགས་རྗེ་ཆེ། མ་གཞི་ད་ལན་ཁྱོད་ཀྱིས་གྲོགས་ཤེས་ཡོན་ཅན་འགའ་ཞིག་གི་རོགས་རམ་ལ་བརྟེན་ཏེ་ངའི་རྩོམ་གྱི་ཉམས་འགྱུར་རོབ་ཙམ་ཤེས་ཡོད་པའི་རེ་བ་ཡོད།
ད་ནི་ད་ལན་ཁྱོད་ཀྱི་རྩོམ་ཉུབ་ཐུང་ངུ་དེ་བསྲད་ཙམ་ཞིག་བྱས་ན། (དེ་བཞིན་ངས་བོན་གྱི་གཞུང་ལུགས་ལ་སློབ་སྦྱོང་རྒྱ་ཆེན་ཞིག་བྱས་མེད་པ་བདེན་མོད་ང་ལ་དོག་པ་འདི་དག་སྐྱེས་པ་དེ་ནི་ངས་བོན་སྐོར་གྱི་ཡིག་ཆ་དུ་མ་ཞིག་ཀླགས་པ་ལས་བྱུང་བ་ཞིག་ཡིན། དེ་ཡང་དཔེར་ན། མདོ་དྲི་མེད་གཟི་བརྗིད་ཟེར་བ་དེ་དང༌། མདོ་གཟེར་མིག བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་སོགས་མདོར་ན་བོན་རང་གི་འདོད་ཚུལ་གསལ་བར་སྟོན་པའི་ཡིག་ཆ་ཁ་ཤས་ཞིག་ཞིབ་པར་ཀླགས་པའི་གོ་སྐབས་བྱུང་ལ། དེ་བཞིན་དགེ་རྒན་རེའི་དྲུང་ནས་བོན་གྱི་བསྟན་འབྱུང་རེའི་བཀའ་ཁྲིད་དོག་གཅོད་ཞུ་བའི་སྐལ་བ་རེ་ཡང་བྱུང་སྟབས་དོག་སློང་འདི་དག་བྱེད་པའི་སྙིང་སྟོབས་ཤིག་སྐྱེས་པ་རེད།)
།ཞེས་པར། ཁྱོད་ཀྱིས་དེ་སྔོན་བོན་ལ་སྡང་ཟུག་བྱས་ཚད་དང་རྨོངས་འཆར་བྱུང་ཚད་གོང་གི་དཔེ་ཆ་དེ་ཚོ་དང་དགེ་རྒན་དེ་ཚོ་ལས་བྱུང་ཡོད་ན་ངོ་མ་རྣམ་རྟོག་ལོང་དགོས་པ་ཞིག་རེད་ལ། ལྷག་པར་དགེ་རྒན་དེ་ཚོས་ཁྱོད་ལ་དེ་འདྲའི་གྲུབ་མཐའི་བར་གྱི་ཆགས་སྡང་ཞིག་བསླབ་འདུག་ཀྱང༌། ཁྱོད་ཀྱིས་ད་དུང་སྐལ་བ་ཞིག་ཏུ་ངོས་འཛིན་པ་ནི་ཁྱོད་རང་ཉིད་ཇི་ལྟར་རྨོངས་ཡོད་པ་དེ་གསལ་པོར་བསྟན་པ་རེད། མ་གཞི་ཁྱོད་ཀྱིས་གོང་གི་བོན་དཔེ་དེ་དག་བལྟས་ཡོད་པའི་དྲི་མ་ཙམ་ཡང་མི་འདུག་མོད། རྒྱུ་མཚན་ནི། གོང་གི་བོན་དཔེ་དེ་དག་བོན་པོ་རང་གི་འདོད་ཚུལ་གསལ་བར་བསྟན་པའི་ཡིག་ཆ་དག་ཡིན་པ་དེ་ཁྱོད་ཀྱིས་འདོད། ཡང་གཤེན་རབ་ཨ་རབ་ནས་ཀོང་པོར་སོང་བའི་ལོ་རྒྱུས་དང༌། བོད་ཀྱི་ཇག་པ་ཁ་ཤས་ཀྱིས་གཤེན་རབ་ཀྱི་རྟ་བརྐུས་ཚུལ། འོལ་མོ་ལུང་རིང་ཨ་རབ་ལ་ངོས་བཟུང་ཚུལ་དང༌། རྒྱ་གར་ལ་ངོས་བཟུང་ཚུལ། ད་དུང་བ་ཡུལ་ཕྱོགས་སུ་ཡང་ངོས་བཟུང་ཚུལ། སྟོན་པ་གཤེན་རབ་ཞང་ཞུང་དང་ཨ་རབ་སོགས་ལ་སྐུ་འཁྲུངས་ཚུལ་བཅས་བོན་གཞུང་ལས་བཤད་པའང་ཁྱོད་ཀྱིས་འདོད། ཡང་ཕྱོགས་གཅིག་ནས་བཤད་ན་བོན་པོ་ཚོས་གཤེན་རབ་ཀྱི་སྐྱེས་ཡུལ་གང་ཡིན་དང་དགུང་གྲངས་སོགས་འདི་ཡིན་ཞེས་བཤད་ཐུབ་ཀྱི་མེད་པ་སོགས་གོང་འོག་འགལ་ཟླ་ཤ་སྟག་སོང་བའི་བཤད་ཡམ་ཁྱི་སྨྱོན་ཁ་གཡུག་པ་ལྟ་བུ་འདི་དག་གིས་ཤེས་ནུས། གལ་སྲིད་ཁྱོད་ལ་སྔོན་ལས་བཟང་པོའི་མཐུས་བོན་གྱི་ཕྱག་དཔེ་དག་མཇལ་བའི་གོ་སྐབས་བྱུང་ཡོད་ན། ཁྱོད་ཀྱིས་༼མཛད་མདོ་དྲི་མེད་གཟི་བརྗིད་དང༌།༽ ༼མདོ་གཟེར་མིག༽ ༼བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན༽ སོགས་ཀྱི་ཤོག་གྲངས་དང་ལུང་ཚིག་ཇི་མ་བཞིན་དུ་དྲ་ངོས་སུ་ཕོབས་ཤོག་དང༌། ང་ཚོས་གསལ་བཤད་དང་བགྲོ་གླེང་ཅི་ཞིག་བྱ་དགོས་ཀྱང་བྱ་ངེས་ཡིན། དེ་མིན་ཁྱོད་ཀྱིས་ཅིག་སྟོན་རྒྱུ་ཡོད་མདོག་མདོག་དང་བོན་ཟེར་དུས་ལོག་ཆོས་རེད་མདོག་མདོག་མང་པོ་ཞིག་བཤད་བསྡད་ན་སྤྱི་ཚོགས་ནང་ཁུལ་དཀྲུག་ཤིང་ཞིག་དང་ཆོས་ལུགས་བར་གྱི་འགལ་ཟླ་བཟོ་བྱེད་ལས་ཕན་པ་ཆེར་མ་མཐོང་བས་ད་ནས་བཟུང་སྨྲ་བ་ཉུང་ན་ལེགས་ཞེས་བཤད་རྒྱུ་ལས་མ་འདས།

ཡང་ཁྱོད་ཀྱིས། (ཁྱེད་ཀྱིས་མཚམས་རེར་འོལ་མོ་ལུང་རིང་ཟེར་བ་དེ་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུ་ཞིག་ཡིན་ཚུལ་དང་མཚམས་རེར་བདུད་ཀྱི་རྟ་ཇག་པ་དེ་ཚོ་སླེབས་ཐུབ་ས་ཞིག་ཡིན་པར་བཤད་པ་ནང་འགལ།) ཅེས་པར། ལར་སངས་རྒྱས་ཞལ་བཞུགས་སྐབས་སུ་བདུད་ཀྱི་དམག་ཚོགས་དང་གོ་མཚོན་སོགས་དངོས་སུ་སྟོན་པ་རང་ཉིད་ལ་བརྡེགས་པའི་ལོ་རྒྱུས་འདི་དག་དང༌། སྔོན་བྱོན་བོད་ཀྱི་ལོ་ཙྭ་བ་དང་རྒྱ་ནག་གི་བཙུན་པ་སོགས་འཕགས་ཡུལ་དུ་མ་ཕེབས་གོང་དུ་བོད་མིས་འཕགས་ཡུལ་རྡོ་རྗེ་གདན་དང་དཔལ་ལྡན་འབྲས་དཀར་སྤུངས་པ་སོགས་ངོས་བཟུང་ཇི་འདྲ་གནང་གི་ཡོད་མེད་ནི་གཏམ་རྒྱུད་གསེར་ཐང་སོགས་སུ་གསལ་བས། བདུད་ཀྱིས་སངས་རྒྱས་ལ་འགྲན་ཚད་པའི་ལོ་རྒྱུས་ཐད་ལ་ཁྱོད་རང་ཧོན་སང་དོན་མེད།
ཡང་ཁྱོད་ཀྱིས། (དེ་བཞིན་ཁྱེད་ཀྱིས་མཚམས་རེར་བོན་འདི་ཕྱིའི་ཡུལ་ག་གེ་མོ་ཞིག་ནས་ཚུར་བོད་སྐད་དུ་བསྒྱུར་བ་དང་ད་དུང་རྒྱ་གར་གྱི་བོན་སྐོར་ཟེར་བ་ཞིག་ཀྱང་ཡོད་ཚུལ་སོགས་ཤོད་བཞིན་དུ་བོན་འདི་གཞན་ནས་མ་བྱུང་བའི་བོད་རང་གི་ཕ་ནོར་ཡིན་པར་བཤད་པ་ནང་འགལ།) ཞེས་པར། ངས་འདི་ལྟར་བོད་རང་གི་ཕ་ནོར་ཞེས་འབོད་པ་ནི་གངས་ཅན་པའི་ཕ་མེས་ཡང་མེས་བོད་རྒྱལ་ཐོག་མ་བཙན་པོ་ནས་བཟུང་མཐོ་རྒྱལ་སྲིད་སྐྱོང་བའི་མི་དཔོན་དང་དམའ་འབངས་མི་སེར་ཡོད་ཅོག་གིས་སྤྱི་ལོའི་དུས་རབས་བདུན་པ་བར་གཡུང་དྲུང་བོན་ལ་བརྟེན་ནས་མཐོ་ལ་གཤེན་བཙུན་པ། བར་ན་རྒྱལ་བཙན་པ། འོག་ན་འབངས་སྐྱིད་པ་སོགས་ལོ་རབས་ལོ་ཡི་འཕྲེང་བ་རིང་མོ་ཞིག་གི་ནང་ཞི་བདེ་བག་ཕེབས་ངང་གནས་ཡོད་པ་དེ་དག་དགའ་བ་སྒོམ་བཞིན་དུ་བརྗོད་པ་ལས། གཡུང་དྲུང་གི་བོན་འདི་བོད་རང་ནས་དབུ་བརྙེས་པ་རེད་ཅེས་བཤད་མེད་པས་ཁྱོད་ཀྱི་ནང་འགལ་ཞེས་པས་གནོད་པ་མ་ཐེབས། ལར་ངས་རྒྱ་གར་བོན་སྐོར་ཞེས་སྨྲས་པ་དེས་བོན་ཡོད་ཅོག་རྒྱ་གར་ནས་བྱུང་བ་ཁྱོད་ཀྱིས་ཇི་ལྟར་བསྒྲུབ། གལ་ཏེ་དེ་ལྟར་ན། བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཐ་དག་རྒྱ་གར་ནས་དར་བ་ཡིན་ཟེར་གྱི་ཡིན་ནམ། ཆོས་སོགས་འགའ་ཞིག་རྒྱ་གར་ནས་དར་བའི་ཕྱིར།
དེ་ཡང་བོན་ལུགས་ལ་གོང་གི་རྒྱ་གར་གྱི་བོན་སྐོར་ཞེས་པ་ནི་སྟོན་པའི་གདུང་ཚོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་གི་ནང་ཚན་རྒྱ་གར་གྱི་མཁས་པ་ལྷག་བདག་སྔགས་གྲོལ་གྱིས་བོན་སྡེ་མང་པོ་ཞིག་རྒྱ་གར་ན་དར་བར་མཛད་པས་དེ་ནས་རྒྱུད་པའི་བོན་སྡེ་རྣམས་ལ་ཟེར་བ་ཡིན་པ་དེ་ཤེས་པར་གྱིས་ཤིག
ཡང་ཁྱོད་ཀྱིས་ཡང་སྙིང་ཁྲོ་ཆུས་ག་རེ་བྱས་པ་རེད་ཟེར། ཁྱོད་ཀྱིས་མིག་ཟུང་བགྲོད་ནས་ལྟོས་དང་ངས་ཁྱོད་ལ་ཁྲོ་ཆུའི་ཐེལ་ཙེ་བརྒྱབ་པ་རེད་ཅེས་གསལ་པོར་བཤད་ཡོད། འོ་ན། ངས་ཁྱོད་ལ་ཕར་འདི་ལྟར་འདྲི། ཡང་སྙིང་ཁྱོད་ལ་སྒྲོ་བ་ལ་ཐེལ་ཙེ་མི་བརྒྱག་པའི་རྒྱུ་མཚན་ཅི་ཞིག་ཤོད་རྒྱུ་ཡོད། ཁྱོད་ཀྱིས་མ་མཐོང་ཟེར་ན་མ་ཁྱབ།
ཡང་ཁྱོད་ཀྱིས་ཤམ་བྷ་ལ་དང་ཟངས་མདོག་དཔལ་རི་སོགས་སངས་རྒྱས་པ་སྤྱི་ཡིས་ཁས་མི་ལེན་པ་མ་ཟད་དེ་དག་ནི་རྣམ་འབྱོར་པ་དང་དག་སྣང་བ་ཁག་ཅིག་གི་འདོད་པ་ཙམ་ཡིན་ཚུལ་བཤད། དེ་ལྟར་ན་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ཁྱོད་ཀྱིས་ཀྱང་ཁས་མི་ལེན་དགོས་པས། དེས་ན་ཁྱོད་ཀྱིས་ད་བར་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ལ་སྐྱེ་བའི་སྨོན་ལམ་ཙམ་ཡང་བཏབ་མ་མྱངས་བར་འགྱུར། འདོད་ན། ངས་ཁྱོད་ལ་ཡ་རེ་ང་ཞེས་བརྗོད་པ་ཙམ་ཡིན། དེ་ལྟ་བུ་མང་ཞིག་མཆིས་ཀྱང་རེ་ཞིག་འདི་ཙམ་ལ་བཞག
མདོར་ན་ད་ལན་ཁྱོད་ཀྱིས་བཤད་པའི་གོང་སྨྲས་གྱི་བོན་གཞུང་ཁག་ལ་ཡོད་པའི་ནང་འགལ་ལྟ་བུའི་ལུང་ཚིག་དེ་དག་རྗེས་སུ་དྲ་ཐོག་ཏུ་འགོད་རོགས་གྱིས་དང་ཕྲན་གྱིས་གང་ཤེས་ཀྱི་གསལ་བཤད་རེ་བྱ་ཆོག དེ་མིན་ཧ་མ་གོ་ལུང་སྟོང་ཀི་ཅོས་ཁེངས་པའི་དཔེ་ལྟར་མུ་མཐུད་འབྲི་ཡོང་ན་སྤྱི་ཚོགས་ཀྱི་དཀྲུགས་ཤིང་ཁོ་ན་ལས་མ་འདས་པས་ཅིས་ཀྱང་རང་སར་བཞུགས་རོགས་ཞུ།། །།

Re:(སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/13 9:49:18
monlamརྩོམ་ཡག་པོ་བྲིས་གནང་འདུག་སྟེ་དག་ཆ་ལ་གཟབ་དགོས་འདུག
གཤམ་དུ་woser་ལགས་ཀྱིས་ལན་སློག་པ་ནི་
བཀུར་འོས་རྒན་ལགས་ནས་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ།
Re:(སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/13 5:14:30
woserགོང་གི་ལྷན་རྒྱས་ནས་བདག་གི་རྩོམ་ཐུང་འདི་རྣམས་ལེགས་འདེམས་གནང་བར་བཀའ་དྲིན་ཆེ། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.