ཞང་ཞུང་སྒོ་པ།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།
 

ཅེས་པའི་ལུས་འདི་སུམ་པ་གླང་དུ་འཁྲས།། 

ཟོལ་མེད་ལས་དབང་གཡུང་དྲུང་བོན་དང་འབྲེལ།།

ལྟས་དབང་གྲོགས་པོ་འཛམ་གླིང་དྲྭ་སྐུད་སྦྲེལ།།

 རིགས་ལམ་ཐོར་བུ་སྨྲ་བའི་ཁྱུང་ཕྲུག་ཡིན།།

༡༩༧༩-༡.༢༩ནས་བོད་རྒྱལ་སྤེན་ནེ་རི་བཀྲའི་བྱང་ངོས་སུ་དལ་རྟེན་བརྙེད།

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 32
  • དཔྱད་བརྗོད། 51
  • ཆེམས། 0
  • ཀློག་གྲངས། 11499


 
ངོ་མཚར་རི་མོ།
[ 2011/12/29 19:29:00 | By: ཁྱུང་བྱ་ར་བ། ]
 

        ངོ་མཚར་རི་མོ།

༧ཁྲི་ལོ་གཅིག་གི་གོང་ནས།།

རྟག་གཟིགས་འོལ་མོ་གླིང་དུ།།

ཤེས་བྱ་རིག་པའི་མ་ཕྱི།།

འཕྲུལ་ཡིག་བཞི་བཅུ་བྲིས་ཡོད།།

༧སྟོང་ལོ་གཅིག་གི་གོང་ནས།།

བསིལ་ལྗོངས་ཁ་བའི་ཞིང་དུ།།

རྒྱལ་གཤེན་བསྟན་པའི་མཛད་འཕྲིན།།

འགྱུར་མེད་གསང་རྒྱ་བཞག་ཡོད།།

 ༧བརྒྱ་ལོ་གཅིག་གི་གོང་ནས།།

གཤེན་བསྟན་སྨན་རིའི་གླིང་དུ།།

རྒྱལ་བ་མཉམ་མེད་ཆེན་པོས།།

བཤད་སྒྲུབ་སྒོ་བརྒྱ་ཕྱེས་ཡོད།། 

༧བཅུ་ལོ་གཅིག་གི་གོང་ནས།།

མདོ་དབུས་ཁམས་གསུམ་འདི་ན།།

།ཡོངས་འཛིན་སྨྲ་བའི་སེང་གེས།།

རྒྱལ་གཤེན་བསྟན་པ་བསྐྱངས་ཡོད།། །།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ངོ་མཚར་རི་མོ།
[ 2011/12/30 23:33:40 | By: སྐུ་མགྲོན་128Kb5(སྐུ་མགྲོན) ]
 
སྐུ་མགྲོན་128Kb5(སྐུ་མགྲོན)དྲུག་གཅིག་བརྒྱད་གཅིག་གོང་ནས། །
དུས་འགོ་ཤིང་བྱིས་བཟུང་སྟེ། །
ནམ་ཟླ་དཔྱིད་ཟླའི་དགུང་གསར། །
ཞང་ཞུང་སྒོ་པའི་ལུགས་སྲོལ། །

བཀྲ་ཤིས་ལྷ་དར་དཀར་པོ། །
གངས་རིའི་དབུ་རྩེར་སྒྲོན་ཏེ། །
བདེ་ལེགས་ཤིས་སྨོན་སྟོང་གིས། །
ངོ་མཚར་རི་མོ་བྲིས་ཡོད། །

དབུ་འཁྱུད་ཡི་གེའི་ལམ་ནས། །
དབུ་འཕང་ཡར་ལ་བཏེགས་ཏེ། །
དབུ་ནག་བོད་ཀྱི་ཤེས་རིག །
དབུ་ནས་ལོ་རྒྱུས་བཤད་ཡོད། །

གྲུབ་མཐའ་གྲུབ་དང་མ་གྲུབ། །
གྲུབ་དོན་སྙིང་པོའི་ངོ་བོ། །
འཕྲུལ་གྱི་ཡི་གེའི་ཐོག་ནས། །
གཏན་ཚིགས་རིགས་པས་བརྒྱན་ཡོད། །

དེ་ཕྱིར་བདག་ཅག་མགོན་པོའི། །
བཀའ་དྲིན་སྙིང་ལ་བཅང་སྟེ། །
དུས་གཅིག་དུས་གཉིས་མ་རེད། །
རྒྱུན་དུ་མཆོད་པ་ཕུལ་ཡོད། །

མཆོད་གཅིག་མཆོད་གཉིས་མཆོད་གསུམ། །
སུམ་འདྲེན་གསོལ་ཆང་ཡིན་ད། །
ད་ནི་ལུས་བདེ་སེམས་བདེ། །
བདེ་བ་དེ་གཉིས་ངང་ནས། །
གཉིད་ཀྱི་ཞིང་ཁམས་དྲོངས་སོང་། །
ཧུར་རུ་་་་ཧུར་རུ་་་
ཁ་མཚར་ཡིན་ཡ།


 
 
Re:ངོ་མཚར་རི་མོ།
[ 2011/12/29 19:56:09 | By: khyungshesrab ]
 
khyungshesrabཡ་མཚན་རེད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.