འཕན་བུའི་གཞིས་ཁྱིམ།
 

ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
དཔྱད་གཏམ་གསར་བ།
ཟིན་ཐོའི་རྣམ་གྲངས།
ཟིན་ཐོ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
ཐོ་འགོད།
 ཐོ་འགོད། གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 18
  • དཔྱད་བརྗོད། 10
  • ཆེམས། 0
  • ཀློག་གྲངས། 6330


 
སྙན་ངག་རེད།
[ 2014/3/29 15:16:00 | By: འཕན་བུ། ]
 

                            སྙན་ངག་རེད།

                                           འཕན་བུ། 
                 སེམས་ཀྱི་དུངས་པ་བརྗོད་ན་སྙན་ངག་རེད། །
                 ཡུལ་གྱི་མཛེས་པ་བརྗོད་ན་སྙན་ངག་རེད། ། 
                 བརྗོད་བྱ་རྗོད་བྱེད་གང་ལ་ཚད་མེད་པ། །
                 སྙན་ངག་བཟང་བོ་ཞིག་གི་བྲང་ཁོག་རེད། །

                 གསར་བུའི་སྙིང་སྟོབས་བྲིས་ན་སྙན་ངག་རེད། ། 
                 གསར་མོའི་ལང་ཚོ་བྲིས་ན་སྙན་ངག་རེད། །
                 མངོན་ལྐོག་ཕྱི་ནང་གསལ་བའི་དམར་རྗེན་གཏམ། །
                 སྙན་ངག་རྩེ་གྲ་ཞིག་གི་སྤྱི་འགྲོས་རེད། ། 

                དགའ་དུས་རྩེ་འཇོའི་གཏམ་དེ་སྙན་ངག་རེད། །
                སྡུག་དུས་སྨྲེ་སྔགས་འདོན་པ་སྙན་ངག་རེད། །
                སེམས་ཚོར་གསོན་པོར་འཁྱོལ་བའི་སྐད་ཆ་གང་། །
                སྙན་ངག་ལྷད་མེད་ཅིག་གི་རང་གཤིས་རེད། ། 

                བཙན་གྱིས་བཙུར་ན་མི་བཞུར་སྙན་ངག་རེད། ། 
                དཔུང་གིས་བཀག་ན་མི་ཁོགས་སྙན་ངག་རེད། ། 
                རང་འགྲོས་དལ་གྱིས་འབབ་པའི་ལྷོག་ལྷོག་ངག
                སྙན་ངག་ཡག་པོ་ཞིག་གི་རང་ཚུགས་རེད། །

 

            རྒྱལ་པོའི་རྒྱལ་སྲིད་འཛུགས་ལུགས་སྙན་ངག་རེད།  

            སྤྲང་པོའི་སློང་མོ་བསླངས་ལུགས་སྙན་ངག་རེད། །  

            འདྲ་མིན་མི་ཡི་འཚོ་ཚིས་མཐའ་དག་ཀྱང་། །  

            སྙན་ངག་ངོ་མ་ཞིག་གི་དཔེ་དོན་རེད། །  

 

           ལྐོག་འགྱུར་ལྷ་སྒྲུང་རིང་མོ་སྙན་ངག་རེད། །  

           མངོན་སུམ་མི་དོན་དམར་པོ་སྙན་ངག་རེད། །  

           བདེན་རྫུན་གཏམ་གྱི་གླེབས་བམ་མོད་པོ་ཡང་། །  

           སྙན་ངག་ལེབ་ལེབ་ཞིག་གི་ནང་སྙིང་རེད། །  

 

           ཁྱོད་ཀྱི་འཚོ་བའི་ཡོ་བྱད་སྙན་ངག་རེད། །  

           ང་ཡི་མི་ཚེའི་ཤུལ་ལམ་སྙན་ངག་རེད། །  

           རྟག་དངོས་ཆ་ལ་གཏོགས་པའི་ཤེས་བྱ་གང་། །  

           སྙན་ངག་སྒོར་སྒོར་ཞིག་གི་ཕྱི་ནང་རེད།  

 

        ༢༠༡༤/ ༣/༢༨

 

 

 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.