རྩོམ་བརྡ།
དེ་ཡང་དུས་རབས་ཉེར་གཅིག་པའི་ནང་འདིར་སྤྱི་སྒེར་གང་རུང་དང་ས་གནས་སོ་སོ་ནས་གྲུབ་མཐའ་རིས་མེད་དང་ཚན་རྩལ་རིག་གནས་ལ་འབྲེལ་བའི་དུས་དེབ་དང་ཚགས་པར་སྣ་ཚོགས་ཤིག་འགྲེམ་སྤེལ་བྱས་དང་བྱེད་མུས་སུ་མཆིས། དེ་བཞིན་དུ་ང་ཚོས་ཀྱང་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་གྱི་ཚུལ་དུ༼འཕན་ཆུ་སྔོན་མོའི་རླབས་སྒྲ༽ཞེས་པའི་སྣ་མང་རང་བཞིན་གྱི་ལོ་དེབ་ཅིག་གསར་དུ་གཉེར་རྩིས་ཡོད་པས་བོད་སྤྱི་ལ་བློ་དཀར་བའི་བླ་སྤྲུལ་དགེ་བཤེས་རྣམས་དང་མཁས་པའི་དབང་བོ་དག་གིས་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་མཁྱེན།
གཅིག ས་གནས་བྱེ་བྲག་པ༼འཕན་ཆུ༽ཞིག་གི་རིག་གནས་སྔོག་འདོན་བྱེད་པ་ནས་འགོ་བཟུང་སྟེ་བོད་སྤྱི་ལ་ཁྱབ་པའི་ཁ་ཕྱོགས་སུ་བསྙེག་རྒྱུ།
གཉིས། གྲུབ་མཐའ་རིས་མེད་དང་སྐྱ་སེར་ཁྱད་མེད་ཀྱི་མཁས་དབང་རྣམ་པའི་གསུང་གི་བདུད་རྩི་ལ་བརྟེན་ཏེ་བོད་ཀྱི་ཆོས་རིག་གིས་འཛམ་གླིང་ཡོངས་ལ་ཕན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཞིང་ས་གཤིན་པོ་ཞིག་བསྐྲུན་རྒྱུ།
གསུམ རང་གི་ས་གནས་གཙོར་བྱེད་པའི་གསར་སློབ་པ་མང་བོ་ཞིག་སྐྱེད་སྲིང་བྱ་རྒྱུ་བཅས་སོ། །
གོང་གི་དམིགས་ཡུལ་གཞིར་བཟུང་ནས་རྒྱལ་ཕྱི་ནང་གི་མཁས་དབང་རྣམ་པས་རྩོམ་ལུས་སྣ་ཚོགས་ཀྱི་ལམ་ནས་རྒྱབ་སྐྱོར་རེ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་རེ་བ་ལན་བརྒྱར་ཞུའོ།།
རྩོམ་གྱི་ནང་དོན། སྤྱིའི་ཁྲིམས་དང་མི་འགལ་བ།
རྩོམ་ལུས། སྒྲུང་གཏམ་མ་ཡིན་པའི་གཞན་པ་གང་ཡང་རུང་།
རྩོམ་བསྡུའི་དུས་ཡུན། སྤྱི་ཟླ་བཅུ་བའི་ཟླ་མཇུག་གི་བར་ཡིན།
ས་གནས། སི་ཁྲོན་མཛོད་དགེ་རྫོང་བབ་བཟོ་མདའ་ཆེན་དགོན།
འབྲེལ་གཏུག་པར། ༡༣༩༩༠༤༤༨༧༠༡ ༡༣༥༦༨༧༩༡༥༠༩
ཡིག་སྒམ། panqulazha@163.com
འཕན་ཆུ་སྔོན་མོའི་རླབས་སྒྲའི་རྩོམ་སྒྲིག་ཚན་ཆུང་གིས་གུས་ཕུལ། ༢༠༡༤ ༩ ༡