ས་རུབ་སོང་ཟིག
ས་རུབ་སོང་ཟིག
མུན་པ་སྟུག་པོ་དེའི་ཕྱི་ནང་ན
ལག་པ་རྩུབ་མོ་དག་གིས་རྒོལ་བ་བྱེད
ཁུངས་མེད་པའི་མི་ཁ་ཞིག་ཀྱང་ངང་གིས་འཁོར
ཡོད་ཚད་ལ་བདེན་ཁ་མ་མཐོང་བས
ཐམས་ཅད་ལ་བཟོད་སྒོམ་མི་བྱ་ཐབས་མེད་རེད
ཟླ་བའི་རང་མདངས་ཇི་ལྟར་གསལ་ན་ཡང
མུན་པ་ནི་མུན་པ་རང་ཡིན་པས་བསལ་ཐབས་ཅི
ལོ་ཟླའི་གཉའ་འོག་ནས
བདེན་པ་འབའ་ཞིག་ལ་ཅེར་ནས་ཡོད
ཉི་འོད་དང་འདྲེས་པའི་ལྗང་མདོག་གི་འཇིག་རྟེན
མུན་པ་འདིའི་ཕ་རོལ་ན་ཡོད་ཤག་ཤག་རེད་འདུག
འཕག་འཚག་གི་ང་རོ་དག་གིས་བདེ་ལམ་ལ་སྙེག
བདེན་དོན་ཀྱི་མེ་ལྕེ་རྣམས་ཀྱིས་མུན་པ་ལ་རྒོལ
ཆོས་ཉིད་ལ་རྡོག་རྫིས་མ་བཏང་བ་འདི་གནས་ལུགས་ཡིན
ས་རུབ་སོང
ཟླ་བ་དང་སྐར་ཚོགས་དག་ཀྱང
མུན་པའི་སྨག་རུམ་ན་ཉལ་ནས་འདུག
ཅི་ཡང་མཐོང་མི་ཐུབ་པས་ལག་པ་འདི་གང་ལ་འཕྲད་འགྲོ
༢༠༡༤/༩/༡༢དགོང་མོར་རང་ཤག་ཏུ