འགན་འཁྲི་འདི་སུ་ལ་ཡོད
རྩྭ་གཟུགས་དེ་དག་མྱི་མ་རེད
རུས་རྐང་དང་ཀླད་སྙིང་རྙི་དྲགས་པས
དུག་རླུང་གིས་གང་སར་གཡོ་བ་ཡ་རེ་ང
བླ་སྲོག་ལས་མེ་ལྕེ་མཆེད་དུས
མཆོག་གསུམ་གྱི་བྱིན་རླབས་ཀྱིས་ས་གསུམ་ཁྱབ
བོད་པ་ཡང་ཆོས་ལྡན་གྱི་ཞིང་ཞེས་གྲགས་པས
རྒྱལ་བློན་དག་གིས་ཀྱང་དེ་དག་ལ་ཕྱག་འཚལ་རབས་འདུག
དུས་རབས་འདི་སྙིགས་མ་རེད་ཟེར
ཕལ་ཆེར་ཡིན་ཚད་རེད་ཤག
བླ་སྲོག་བོར་མཁན་ཇེ་མང་ནས་ཇེ་མང་རེད
རྩྭ་གཟུགས་ཀྱང་ཇེ་མང་ནས་ཇེ་མང་རེད
ཉམས་རྒུད་འདི་ཅི་འདྲའི་ཡིད་མུག་པ་ཞིག་རེད་ཨང
གལ་ཏེ་ཚེ་སྲོག་དེ་མ་འགག་ན
སྨྱོ་གར་འདི་མཚམས་བཞག་ན་རེད་འདུག
མྱི་མ་ཡིན་པས་ངོ་སྲུང་ཙམ་ཡང་མེད་པ་བདེན་དུ་ཆུག་ཀྱང
མེས་པོ་བྱིན་རླབས་ཅན་ཚོར་བསམ་བློ་རེ་བཏང་ན་རེད
མེས་པོ་དེ་བློ་ཁོག་ཤིན་ཏུ་ཡངས་པས
ཁྱོད་ཅག་ཀྱང་མ་རུ་བསྒམས་ནས་ཡོད་ས་རེད
ཡིན་ན་ཡང ནམ་ཞིག་ན་ལུང་རྟོགས་ཀྱི་དར་ཆ་ཆག་སོང་ན
ཀླད་སྙིང་འདོད་པས་ཟིན་པའི་ཁྱི་སྐྱག་འདི་དག་གིས་ཅི་ཞིག་བྱ
མྱི་ནི་མ་གཞི་ནས་དགའ་སྐྱོ་ཆགས་སྡང་ཅན་ཞིག་ཡིན་ན
ཁྱོད་ཅག་ཀྱང་དེ་ལས་མ་འདས་པས་གུ་ཡངས་རེ་ཡོད་དགོས་མོད
ལམ་ཁ་འདི་ཁྱོད་ཅག་གི་གདམ་ང་ཡིན་པས
འགན་འཁྲི་འདི་སུ་ལ་ཡོད་པ་མེས་པོ་དེས་ཤེས་ན་རེད
༢༠༡༤/༩/༧