སྒྲིག་འཇུག...
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཟིན་ཐོའི་རྣམ་གྲངས།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཐོ་འགོད།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལྷད་མེད་ཀྱི་རང་གཤིས།
[ 2014/3/23 20:38:00 | By: འཕན་བུ། ]
 
 

    ལྷད་མེད་ཀྱི་རང་གཤིས། 

                       གནམ་ཟླ་འདི་དྲོ་དུས་འཁྱག་དུས། ། 

                       བསམ་པ་འདི་སྐྱིད་དུས་སྡུག་དུས། ། 

                      རེས་མོས་ཀྱི་རླུང་འཚུབ་ཁྲོད་ན། ། 

                      ཁོ་བོ་ནི་ཤོག་སྐྱ་ལེབ་མོ། ། 

                       

                    ཉི་ཟླ་ལ་འཆར་ནུབ་མངའ་ན། ། 

                    འཇིག་རྟེན་ན་རྟག་པ་གང་ཡོད། ། 

                    མི་རྟག་པའི་རང་གཤིས་རྟོགས་ན། ། 

                   ནང་སེམས་ཀྱི་དགའ་སྡུག་ལོས་རྟོགས། །

 

                   ལྷད་མེད་ཀྱི་རང་གཤིས་དེ་ལ། ། 

                   བཅོས་མ་ཡི་འཛུམ་མདངས་མི་དགོས། །

                   ཆགས་སྡང་གི་གར་སྟེགས་དག་ནས། ། 

                   བདེ་བ་ཡི་བདེན་པ་མ་རྙེད། ། 

 

                  འཇིག་རྟེན་འདི་བདེ་རུ་སྒོམ་ན། ། 

                  མི་ཡུལ་ན་སྡུག་བསྔལ་ཅི་ཡོད། །

                 དེ་ལྟར་དུ་རྟོགས་པ་དཀའ་བས། ། 

                  དུས་རྟག་ཏུ་སྡུག་བསྔལ་གྱིས་མནར། ། 

 

                  འཁོར་བ་ཡི་ཆོས་ཉིད་ཤེས་ནས། ། 

                 འདི་སྣང་ལ་ངེས་འབྱུང་སྐྱེས་ན། །

                 ལམ་ཁ་དེ་ཤིན་ཏུ་བཟང་མོད། ། 

                 ཁོ་བོ་ནི་དེ་ལྟ་མིན་ནོ། །

 

                 གཉུག་མ་ལ་འགྱུར་བ་མེད་རུང་། ། 

                 དུག་གསུམ་གྱི་རྫོང་དེ་མཐུག་པས། ། 

                སྡིག་པ་འདི་མ་དག་བར་དུ། ། 

                སྡུག་བསྔལ་ལ་ཟད་མཐའ་མི་འདུག ། 

 

                ལྷད་མེད་ཀྱི་རང་གཤིས་གཙང་མ། ། 

               འདི་ཕྱི་ཡི་དོན་གྱི་སྙིང་བོ། ། 

               དེ་ཉིད་ནི་སུ་མཆིས་ན། ། 

               གང་དེ་ནི་མི་བུ་རྣལ་མ། ། 

                                      ༢༠༡༤   ༣    ༢༣ 

 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.