དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ། འཕན་བུ།སྨག་ནག་པའི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེཁྱོད་ཀྱི་དྲོད་ཁོལ་འཁྱིལ་བའི་གཞིས་ཁྱིམ་དེ་ཡིནམུག་པ་དང་གྲང་ངར་ཅི་འདྲ་རྒོད་ན་ཡངཁྱོད་ཀྱིས་གོམ་ཁ་གཏན་ནས་ལྷོད་མ་མྱོང་བར་བཤདཆ་མི་ཚང་བའི་གཞིས་ཁྱིམ་འདིའི་ཕྱི་ནང་གསང་གསུམཁྱོད་ཀྱི་འོས་འགན་འབའ་ཞིག་ཏུ་གྲུབ་སོང་བསཁྱོད་ཀྱིས་ཀྱང་དུས་ཚོད་དང་འགྲོགས་ནས་ཚེ་སྲོག་བསྲིངསརི་ཚོགས་ཀྱི་ཕ་རོལ་དག་ནལྗང་མདོག་གི་དག་ཞིང་མང་པོ་མང་པོ་ཞིགཁྱོད་ཀྱི་ཤེས་རབ་ཀྱིས་བསྐྲུན་སོངའཆར་ཡན་གྱི་རི་མོ་སྣུམ་པོ་སྣུམ་པོ་དེ་དག་ཀྱངཁྱོད་ཀྱི་ལུས་ངག་གི་བྱིན་རླབས་ཁོ་ན་ལས་གྲུབ་བྱུངཉི་འོད་ཀྱིས་དྲོད་སྐྱིད་སྟེར་བ་བདེན་དུ་ཆུག་ཀྱངསྲིབ་ངོས་དག་ལ་འཆར་རབས་ཡེ་ནས་མེདཁྱོད་རང་ནི་དམའ་ས་དམའ་ས་ཞིག་ནསབདེ་དྲོད་ཀྱིས་འབར་འོང་བ་སུས་ཀྱང་བསྙོན་དུ་མེདདེ་བཞིན་ཟླ་འོད་དང་ས་གཞི རྩི་ཤིང་དང་ཆུ་རྒྱུནཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཁྱོད་ཀྱི་དོ་ཟླ་མེད་པ་ཨེ་མ་རྨདདམུ་རྒོད་ཀྱིས་སྨིན་པའི་ལྗང་མྱུག་དེ་དག་ལགཤིས་འཇམ་གྱི་མེ་ཏོག་བཞད་སོང་བ་ཁྱོད་ཀྱི་དྲིནམཉེས་གཤིན་ཀྱི་རྩ་བ་ལ་སྙིང་སྟོབས་ཀྱི་མེ་ལྕེ་མཆེད་པའངཁྱོད་ཀྱི་མཛད་པ་འཕྲིན་ལས་རྐྱང་རྐྱང་ལས་མ་འདསཚེ་སྲོག་གི་ཞིང་ས་སྐྱ་བོ་དག་ནཁྲ་ཆིལ་གྱི་མེ་ཏོག་བཞད་པ་སྐྱག་རྫུན་མིན་ཤགརུས་རྐང་དང་ཀླད་སྙིང་ལ་ན་ཟུག་བླངས་པའངཁྱོད་ཀྱི་སྒོམ་དཀྱེལ་གྱི་སྤོབས་པ་ལས་འཁྲུངས་འདུགསེམས་ཀྱིས་བཏེགས་པའི་དགྱེས་སྐྱེམས་འདིགཙང་བཞེས་ཐེངས་གཅིག་གནང་རོགསཁྱོད་ཀྱིས་དུས་ཚོད་ཀྱི་ཕྲག་གོང་ནས་འོ་རྒྱལ་མྱོང་སོང ༢༠༡༤ ༩ ༡