ས་སྲོད་ལ་ལག་པ་བཞག འཕན་བུ། སེསམ་ཀྱི་མུན་ཁུང་དུ་འཛུལ་ནས་ཁྱོད་ལ་ལྟ་དུས ལན་མེད་པའི་དྲི་རྟགས་མང་བོས་འཚང་ཁ་བྱེད མིག་ཟུང་ལ་རྒྱང་མཐོང་བྲལ་བ་ནས་བཟུང དྲི་རྟགས་དེ་དག་ཀྱང་རབ་རིབ་ནས་མག་མོག་ཏུ་ཆགས ས་སྲོད་ལ་ལག་པ་བཞག་ནས་ཁྱོད་ལ་བྱིལ་བྱིལ་བྱེད་དུས མེ་ཏོག་གི་འཇམ་ཤ་མཐའ་དག་ལྷུང་འགྲོ་བར་བསམ་ན ང་ངོ་མ་སེམས་བསམ་པའི་གཏིང་ནས་ངུ་རྒྱུ་རེ་ཡོང་གི ས་སྲོད་ཀྱི་སྨག་རུམ་ལས་མེ་ལྕེ་ནག་པོ་མཆེད་སྲིད་པས ཁོ་བོའི་དོན་ལྔ་སྣོད་དྲུག་མཐའ་དག་བསྲེགས་འགྲོ་ས་རེད རྫ་ཆུ་དང་རྩི་ཤིང་གིས་ལུས་ཁམས་གསོ་བ་བདེན་དུ་ཆོག་ཀྱང མུན་ནག་ལ་དཀར་ཁུང་དབེན་པས་རང་ཉིད་ལ་སྐྱབས་ཐབས་ཅི ས་སྲོད་དང་ས་སྲོད་ཀྱི་ཚོགས་ལ་ལག་པ་བཞག་ན ལྗང་མདོག་གི་འཇིག་རྟེན་ཡོད་ཚད་རྒྱང་རིང་རྒྱང་རིང་ན་མངོན འདིའང་ཆོས་ཀྱི་དེ་ཉིད་ལྟར་སྟོང་བ་ཞིག་མི་ཤག་ཤག་ཡིན་པས དགའ་སྐྱོ་ཆགས་སྡང་གི་གླུ་ཤགས་འཐེན་ས་ནི་ཁོ་ནར་ངེས སེམས་མི་སྐྱིད་པའི་དགོང་མོ་ཞིག་སྟེ།༢༠༡༤/༨/༢༢