ཉི་འོད་ཀྱི་ཀློང་ན་བསྐྱོད་པའི་ཁེར་རྐྱང་གི་དཔའ་བོ
རི་ཆུའི་མཛེས་སྡུག་ཁུར་ནས་གང་ཞིག་ལ་འགྲོ་རྩིས་ཡོད་དམ
རྒོད་པོ་དང་ལྷན་དུ་གནམ་འཕང་གཅོད་པ་ཁྱོད་ཀྱི་ལོ་རྒྱས་ཡིན་ན
གནམ་མཐའ་ན་འཕྱོ་བའི་སྤྲིན་པ་དེ་ཁྱོད་ཀྱི་རྐང་རྗེས་སུ་འཁུམས
ལྷིང་འཇགས་ཀྱི་རང་གཤིས་ཁུར་བའི་ཁྱོད་ཀྱི་ཕྱི་ནང་གསང་གསུམ
ལོ་རྒྱུས་ཀྱི་བག་ལ་བཞའ་བའི་དམུ་ཐག་སྣུམ་པོ་དེ་ཡིན་ནམ
ཡང་ན སུ་ཞིག་གིས་བློས་བཏང་བའི་རུས་རྐང་གྱོང་བོ་དེ་ཡིན
ཉི་ཟླའི་འཆར་ནུབ་ཀྱི་དབང་གིས
ཁྱོད་རང་ནི་འབྲོང་ཁེར་ལྡོམ་ཞིག་དང་ཀུན་ནས་མཚུངས་པར
མུན་པ་སྟུག་པོ་ཞིག་གི་བླ་འོག་ནས་མི་སྣང་བར་འགྱུར་སྲིད་པས
ལང་ཚོ་དར་བའི་ཕུ་ནུ་སོ་བཞི་ཡང་ཁྱོད་དང་ལྷུན་དུ་བུད་འགྲོའམ
དབྱར་དྲུག་པའི་མེ་ཏོག་དང་ལྷན་དུ
ཁྱོད་རང་ཐག་རིང་ཐག་རིང་ཞིག་ལ་བུད་འགྲོ་བར་བསམས་ན
གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་ཀྱང་ངང་གིས་འཆར་འོང
༢༠༡༤ ༡༡ ༢༨