འཕན་བུའི་གཞིས་ཁྱིམ།
 

ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
དཔྱད་གཏམ་གསར་བ།
ཟིན་ཐོའི་རྣམ་གྲངས།
ཟིན་ཐོ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
ཐོ་འགོད།
 ཐོ་འགོད། གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 18
  • དཔྱད་བརྗོད། 10
  • ཆེམས། 0
  • ཀློག་གྲངས། 6262


 
སེམས་གཞས།
[ 2014/3/21 20:49:00 | By: འཕན་བུ། ]
 
 

སེམས་གཞས

ཁག་་་་་་་༩  འཕན་བུ།

  མི་ཚོགས་ཀྱི་ཁ་ལྕེ་ན་དྲག་ཏུ་འབར

  རི་ཀློང་གི་སྒལ་ཚིགས་ནའང་རླུང་གིས་བསྐྱོད

  ཕྱི་རོལ་གྱི་རྒོལ་ངན་མཐའ་དག

  ནང་སེམས་ཀྱིས་དམ་པོར་འགོག་དགོས་ཡ

  བསམ་པ་དག་གི་ཕྱི་ནང་དུ

  རླུང་བུ་འཁྱམ་པོ་དེ་དག་ཞུགས་སོང་ན

  བྲག་གི་རི་བོ་ཡིན་ཡང་འཐོར་སྲིད་པས

  རང་ཉིད་ཀྱིས་བྱ་ར་བྱེད་དགོས་ཨང

  ལས་དབང་ལ་ལྡོག་ཏུ་མེད

  རང་དབང་ལ་དེ་བས་ལྡོག་ཏུ་མེད

  ཁོར་ཡུག་གིས་མཛེས་སྡུག་སྐྲུན

  རང་ཉིད་ཀྱིས་བདེ་སྐྱིད་སྐྲུན

      ༢༠༡༣  ༡༢   ༡༧

                     ཁག་་་་་་་་་་༡༠

   གལ་ལ་ཚུད་པའི་བསམ་པ་ལྗང་གུ

   རླུང་གིས་བསྐྱོད་པའི་དར་ལྕོག་ཅིག་གི་ཕྱི་ནང་ན

   ཡུན་གྱིས་འབར་ནས་ཡུན་གྱིས་ཟད

   མེ་ཏོག་གིས་བརྟས་པའི་འཇིག་རྟེན་ཆུང་ཆུང

   དགའ་སྐྱོད་ཆགས་སྡང་གི་གླུ་དབྱངས་གྱེར་ས་ཡིན

   བློས་མ་དོར་བའི་མེ་ཏོག་གི་དྲི་བསུང་དེ་དག

   འཚོ་བའི་བདེན་པ་དམར་པོ་དེ་ཡིན་སྲིད

   མཐོན་པོ་མཐོན་པོ་ཞིག་ལ་ལག་པ་གཟེད་ནས

   ཆེན་པོ་ཆེན་པོ་ཞིག་ཐོབ་འདོད་གཏན་ནས་མིན

   ཡིན་ན་ཡང  བདེན་པས་བདེན་པ་བརྡར་ནས

   འཚོ་བའི་མངར་ཁ་དེ་མྱོང་ན་བསམས

   ཚུལ་འཆོས་དང་ངོ་གདོང་དེ་དག

   བདག་དང་བདག་གི་དམིགས་ཡུལ་མིན

   གཡོ་སྒྱུ་དང་རྫུན་གཏམ་དག་ཀྱང

   ང་དང་ངའི་འཇུག་ཡུན་གཏན་ནས་མིན

   གཡོ་སྒྱུའི་མ་སྦགས་པའི་བདེན་པ་ཞིག

   ཚུལ་འཆོས་ཀྱིས་མ་སྤུས་པའི་ངོ་གདོང་ཞིག

   བདག་གི་ཡོད་ཚད་བཏང་ས་ཡིན

                   ༢༠༡༣  ༡༢  ༢༩ཉིན། 

སེམས་གཞས།

ཁག་་་་་་་་་་་་༡༢          

ལམ་བུ་འདི་རིང་དུ་བསྲིངས

མིག་ཟུང་གིས་རྒྱང་དུ་ཅར

བློས་མ་བཏང་བའི་ཕྱི་ཐག་འདི་དག

སུས་ཀྱང་ལྡོག་ཐབས་ཅི

ཀྱག་ཀྱོག་དང་ལ་ཐུར་དེ་དག

དམིགས་འདུན་ཞིག་གི་བཀག་རྡོ་རུ་གྱུར

རེ་བས་བརྟས་པའི་འཇིག་རྟེན་ལྗང་གུ

ཁྱོད་ཀྱི་ཕྱི་ནང་ལ་བཏབ་པའི་ཀུ་སྒྲ་ཡིན

ཉི་ཟླའི་འོད་ངོགས་ནས་དཔྱངས་པའི་ལག་ཟུང

མུན་ནག་གི་ལམ་བུ་ལ་གོམས་པ་མེད

པྲ་ཚགས་ཀྱིས་འཕག་འཚག་བྱེད

ཨུ་ཚུགས་ཀྱིས་རྒྱང་དུ་བསྐྱོད་པར་ངེས

ལྷས་མ་གཟིགས་པའི་ལམ་ཁ་འདི

མི་བུ་ཚོས་དགའ་སྐྱོ་ཆགས་སྡང་བརྡར་ས་ཡིན

ཤས་མི་བཟོད་པའི་ན་ཟུག་འདི་ཡང

ཁྱོད་དང་ང་ལ་ཐོབ་པའི་བདེ་སྐྱིད་འབའ་ཞིག་ཏུ་ངེས

             ༢༠༡༤   ༡  ༢

 

 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.