༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧་སྨན་རིའི་སློབ་དཔོན་་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས།།  | 2011/6/2 22:55:00
  • ༧གཤེན་བསྟན་སྨན་རིའི་སློབ་དཔོན་སྨྲ་བའི་དབང་ཕྱུག་ཆེན་པོ་བསྟན་འཛིན་
  • རྣམ་དག་ཆེན་པོ་ཆེའི་བས་བརྟན་གསོལ་འདེབས་བཞུགས།
  •                                                     སྐྱང་སྤྲུལ་དྲི་མེད་འོད་ཟེར།
  • ན་མོ་ཅི་པར་རད་ན་ཤེལ་ཞིན་ད་ཀྱོ་ཡ༔
  • རྒྱལ་ཀུན་མཁྱེན་རབ་གཏེར་འཆང་སྨྲ་བའི་སེང་།།སྙིགས་མའི་མགོན་དུ་ངུར་སྨྲིག་འཛིན་པའི་ཟོལ། །འཛམ་གླིང་བོན་གྱི་མཁས་མང་ཡོངས་ཀྱི་གཙོ།།སློབ་དཔོན་སྨྲ་བའི་དབང་པོར་གསོལ་བ་འདེབས། །གྲུབ་མཐའི་རྒྱལ་པོ་གཤེན་རབ་སྟོན་པའི་བསྟན།།དུས་མཐར་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་ཅན། །རྣམ་མང་ལུང་རྟོགས་ཡོན་ཏན་གཏེར་གྱི་མཛོད།།ཡང་དག་དགེ་བའི་བཤེས་གཉེན་གསོལ་བ་འདེབས། །རྨད་བྱུང་ཐུགས་བསྐྱེད་མི་འགྱུར་བྲག་ཐོག་ཏུ།།ཉེས་ཚོགས་ཀུན་སྤངས་འཕུར་གཤམ་ལྷབ་ལྷུབ་རྩེར། །ཟབ་དོན་རྟོགས་པའི་ཡེ་ཤེས་ནོར་ཏོག་མཛེས།།བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །བོད་ཡུལ་བསྟན་པར་འཕོ་འགྱུར་བྱུང་བའི་དུས།།ཕྱི་རབས་དོན་དུ་དཀའ་སྡུག་ལྷུར་བཞེས་ཀྱིས། །བྱིན་ཆེན་རྟེན་མཆོག་གནས་སྤོས་བདག་གཉེར་གནང་།།བསྟན་པ་རྗེས་བཞག་མཛད་ལ་གསོལ་བ་འདེབས།
  • །རྒྱལ་ཁབ་དུ་མར་གཤེན་བསྟན་མྱུ་གུ་བསྐྲུན།།ཐོབ་རྒྱལ་སྨན་རི་ཁྲི་བརྟན་ནོར་རྩེ་སོགས། །བོན་སྡེ་གསར་བཏབ་བཤད་སྒྲུབ་སྲོལ་བཟང་བཙུགས།།མཚུངས་མེད་དཀའ་དྲིན་ཅན་ལ་གསོལ་བ་འདེབས། །མདོ་སྔགས་རིག་པའི་གནས་ལ་མཆོག་ཏུ་མཁས།།སྡོམ་གསུམ་བཅད་ཁྲིམས་གཙང་བས་རབ་ཏུ་བཙུན། །ཐུགས་རྗེས་བསྟན་དང་འགྲོ་ཕན་ཆེར་སྒྲུབ་བཟང་།།མཚན་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །གཞུང་ལུགས་འཆད་པས་སྐལ་ལྡན་རྗེས་སུ་འཛིན།།ལེགས་བཤད་རྩོམ་པས་གྱེར་བསྟན་རབ་གསལ་བྱེད། །ལུང་རིགས་རྩོད་པས་ལོག་སྨྲ་ཚར་ཐག་གཅོད།།བསྟན་འཛིན་སྐྱེས་བུ་དམ་པར་གསོལ་བ་འདེབས། །ཕྱི་ལྟར་རྣམ་དག་བསླབ་ཁྲིམས་པད་ཚལ་བཞད།།ནང་ལྟར་གཞན་ཕན་བྱང་སེམས་རྒྱ་མཚོ་འཁྱིལ། །གསང་བ་ཟབ་མོའི་ལྟ་སྒོམ་མཁའ་ལྟར་དག།རྒྱུད་གསུམ་བསྟན་པའི་མངའ་བདག་གསོལ་བ་འདེབས། །བསླུ་མེད་མཆོག་གསུམ་རྩ་གསུམ་བྱིན་མཐུ་དང་།།བདག་སོགས་རྗེས་འཇུག་རྩེ་གཅིག་གསོལ་བཏབ་མཐུས།
  • །མགོན་ཁྱེད་ཞབས་པད་བསྐལ་བརྒྱར་རབ་བརྟན་ནས།།བཞེད་དགོངས་ཡོངས་འགྲུབ་ཕྲིན་ལས་མཐར་ཕྱིན་ཤོག ཅེས་པའི་ཞབས་བརྟན་གསོལ་འདེབས་འདི་ནི།ཨ་མདོ་འཕན་ཆུའི་ཨ་སྐྱིད་སྐྱང་ཚང་བ་དྲི་མེད་འོད་ཟེར་བདག་ལ་རྒྱང་རིང་ཡུལ་ནས་༧
  • དཔོན་སློབ་རིན་པོ་ཆེ་ནས་བརྩེ་གཟིགས་ཀྱིས་གླེགས་བམ་སྤུས་ལེགས་དུ་མ་དང་མཆོད་ཀོང་སོགས་གནང་བྱུང་བར་དཀའ་དྲིན་རྗེས་དྲན་བྱ་ཕྱིར་དང་།
  • ཁྱད་པར་དུ་མཆོག་ཉིད་བོད་ཡུལ་དུ་ཕེབས་དུས་སུ་ཕྲན་ལ་གསེར་ཞལ་མངོན་མཇལ་གྱི་སྐལ་བཟང་མ་རྙེད་པས་ཡིད་ཤིན་ཏུ་པམས་པར་གྱུར་ཚེ་ཞལ
  • བཟང་མཇལ་བའི་དོད་དུ་བྱིན་རླབས་ཞུ་རྟེན་དུ་དི་ཉིད་རང་གིས་བྲིས་འདོན་བྱས་པས་དགེ་བས་དཔལ་ལྡན་བླ་མ་རིན་པོ་ཆེའི་ཞབས་པད་རྟག་ཏུ་
  • བརྟན་ཅིང་བྱིན་རླབས་ཐོབ་པའི་རྒྱུར་གྱུར་ཅིག།དགེའོ།།དེ་ཡང་རབ་གནས་༡༧མེ་ཁྱིའི་ལོར་བྲིས་པ་ལ་ཁ་སྐོང་ཅུང་ཟད་བགྱིས་པའོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.