ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ།  | 2012/4/13 14:50:00

   རྩོམ་པ་པོ་གཤེན་སྨྨྱུག་གམ།  གཙང་ཚྭ་གཡུང་དྲུང་གཙུག་ཕུད་ཆུང་།

    གཤེན་སྨྱུག་གི་ཆེས་ཐོག་མའི་རྩོམ་དེབ་ཁེར་རྐྱང་གི་

                                     རོལ་དབྱངས་དང་འབྲེལ་བའི་གནས་ཚུལ།

ད་ལན་དུས་སྐབས་བཟང་པོ་ཞིག་གི་རྐྱེན་ཏེ་བདག་གི་མི་ལོ་བཅུ་བརྒྱད་ནས་ཉི་ཤུ་ཐམ་པའི་བར་ན་བྱུང་བའི་སེམས་ཀྱི་སྣང་སྟངས་གཙོ་ཆེ་བ་རེ་ཞིག་སྟོན་པར་བྱེད་པའི་སྙན་ཚིག་འགའ་ཕྱོགས་སྡོམ་དུ་བྱས་ཏེ་རྒྱ་ཆེ་བའི་སྨྱུག་ཐོག་པ་དང་། ཕྱོགས་སོ་སོའི་ཀློག་པ་པོ་རེ་ཞིག་གི་མཐོང་ལམ་དུ་བཤམ་སྟོན་བྱུང་བ་ནི་རྒན་ཁྱུང་སྨྱུག་མཛེས་དང་། དཔེ་དེབ་འདིའི་སྡོང་གྲོགས་སུ་གྱུར་པ་ཁོ་བོའི་རྒན་ཡོན་ཏན་ཕུན་ཚོགས་སོགས་ཀྱིས་གཙོས་པའི་ཤེས་ཅན་པ་འགས་བདག་ལ་གནང་བའི་མཐུན་སྦྱོར་ལ་བརྟེན་ནས་བྱུང་བར་སྨོས་མ་དགོས། དེ་ཡང་རྩོམ་དེབ་འདིའི་ནང་དུ་རྒན་ཁྱུང་སྨྱུག་མཛེས་ཀྱི་སློབ་སྟོན་བཞིན་སྙན་ཚིག་རེ་ཞིག་ལས་རྩོམ་གཞན་གང་ཡང་འཁོད་མེད་ལ་འདིའི་ནང་དུ་འཁོད་པའི་སྙན་ཚིག་དེ་དག་ནི་མཚམས་སྤྲིན་གྱི་གླིང་ཁ་ནས་ཕུལ་བའི་མཆོད་ཀ་དང་། མི་ཚེའི་ལམ་བར་ནས་རྙེད་པའི་གླུ་སྐད། གནས་ལུགས་དང་སྒྱུ་རྩལ་ལས་འཕྲོས་པའི་སྐད་ཆ་ཞེས། སྟོད་ཚིག་དང་རྗེས་དྲན་སོགས་ཀྱིས་མཚོན་པའི་སྙན་རྩོམ་གྱི་ལེའུ་ཚན་གཅིག་དང་། དེ་མིན་ཡང་སློབ་གསོ་དང་གླུ་གཞས་སོགས་བདག་གི་མྱོང་སྣང་དམར་བརྗེན་ཞེས་བརྗོད་ཆོག་པའི་ཚིགས་བཅད་དང་ཚིག་ལྷུག་འགའ་ལྷན་དུ་སྡོམ་པའི་ཚན་པ་གཅིག ཡང་ཚན་པ་གཅིག་གི་ནང་དུ་རང་ཉིད་སྙན་ངག་འབྲི་བའི་ལམ་སྣེ་ཟིན་པ་ནས་ཅི་ལྟར་སྙན་ངག་བྲིས་པ་དང་། རང་ཉིད་ཀྱི་སྙན་ངག་འབྲི་བ་ལ་ཅིས་ཀྱང་ཚང་དགོས་པའི་གྲུབ་ཆ་དང་། དེ་མིན་རང་ཉིད་ཀྱིས་གླུ་བྲོ་དང་འཁྲབ་སྟོན་ལ་གཞིག་པའི་སྣང་ཚུལ་རེ་ཞིག་བསྟན་པའི་ཐོལ་རྩོམ་འགའ་འཁོད་པར་བྱས་ཏེ་དེ་དག་ཕྱོགས་སྡོམ་གྱི་མིང་ལ་ཁེར་རྐྱང་གི་རོལ་དབྱངས་ཞེས་རང་དང་། ཡང་ན་ཁོ་བོའི་མི་ཚེ་གཅིག་གི་གོམ་གཤིས་མཚོན་པའི་མཚན་ཞིག་སྨོས་ནས་ད་ཆར་པར་དུ་བསྐྲུན་ཟིན་ནས་ཁྱབ་སྤེལ་བྱུང་ཡོད། ཡང་སྙན་དེབ་འདིའི་མགོ་མཇུག་བར་གསུམ་ལ་གཤེན་སྨྱུག་གི་རྩོམ་དེབ་དང་པོ་ཞེས་པའི་མིང་བྱང་རེ་བྱུང་ཡོད་ལ་དེ་ནི་རང་ཉིད་ཀྱིས་དེ་ལྟར་འདོག་དགོས་པའི་བསམ་སྟངས་དང་བསྟུན་ཏེ་འདོག་པ་ཞིག་གཏན་མིན་ལ་ཕྱི་ཤོག་འཆར་འགོད་ཀྱི་སྐབས་ས་དགེ་བའི་བཤེས་གཉེན་ཚང་གིས་སྨོས་པ་ཞིག་རེད་འདུག་པས་རང་ཉིད་ལ་མཚོན་ན་དགེ་རྒན་ཆེན་མོས་གནང་བའི་ཁ་གཡང་ཞེས་བརྗོད་ཆོག་པར་འདོད་ཀྱི་ཡོད། དེའི་དགོས་པ་ནི་རེ་ཞིག་གིས་ཀྱང་ཤེས་ཡོད་པའི་བཟོ་འདྲ་འདུག་ལ་གསལ་བཤད་ཅིག་ཞུས་ན་མིང་བྱང་དེས་གཤེན་སྨྱུག་གམ་གཙང་ཚྭ་གཡུང་དྲུང་གཙུག་ཕུད་ཀྱི་རྩོམ་དེབ་གཉིས་པ་ཞིག་ཀྱང་མི་རིང་བར་ཐོན་ཐུབ་པར་སྟོན་གྱི་ཡོད་ཟེར་ན་མི་རུང་བ་རྒྱ་ཆེར་མེད་ལ་ད་ཆའི་རང་ཉིད་ཀྱི་འདོད་མོས་དང་བསྟུན་ནས་བཤད་ན་རྗེས་མའི་ལོ་ཟླ་ཞིག་གི་ནང་དུ་རྩོམ་པ་པོ་རྐྱེན་གཞན་ཞིག་གི་དབང་དུ་མ་སོང་ཚེ། རང་ཉིད་ཀྱི་རྩོམ་གསར་དཔྱད་གཏམ། བགྲོད་གླེང་། དྲི་བ་དྲིས་ལན། དགག་རྩོམ་སོགས་ལས་གྲུབ་པའི་རྩོམ་སྣ་མི་ཉུང་བ་ཞིག་འཁོད་པའི་རྩོམ་དེབ་གཉིས་པ་དཔེའུཙེ་དཀར་པོ་ཞེས་པ་ཞིག་ཤེས་རིག་ལ་དུངས་བ་ཟབ་པའི་ན་གཞོན་ཕོ་མོ་དག་ལ་ལེགས་སྐྱེས་སུ་ཕུལ་ཐུབ་པའི་རེ་བ་ཡོད་བཞིན་དུ་འགྲུབ་པའི་སྨོན་ལམ་ལན་བརྒྱར་ཞུ་ཞུ་ཞུ།                                                                                                   གཙང་ཚྭ་གཤེན་སྨྱུག་པས་ཀོ་རྒྱལ་དགོན་ནས།

                          ཐོག་མའི་གཏམ་གླེང་།།  ཁྱུང་སྨྱུག་མཛེས།

དེ་ཡང་སྙན་དེབ་རེར་ཐོག་མའི་སྐད་ཆ་འདི་མགོ་བོའི་ཚུལ་དུ་དགོས་མིན་མི་ཤེས་ཀྱང་། དེང་ཆར་འོ་ཅག་ཀུན་ལ་གོམས་གཤིས་སུ་གྱུར་ཕྱིར་རྩོམ་པ་པོས་ཀྱང་གོ་སྐབས་དེ་ང་ལ་སྤྲད་པ་རེད། ངག་རིག་གི་སྒྱུ་རྩལ་ལས་མཆེད་པའི་སྙན་པའི་གླུ་དབྱངས་འདི་དག་དལ་གྱིས་ལན་པར་སྤྲོ་བ་ནི། མིའི་རིགས་ཀྱི་མཚན་ཉིད་དམ་སྙན་ངག་གིས་ང་ཚོར་སྤྲད་པའི་བྱམས་བརྩེ་དེ་ཡིན་ཡང་སྲིད། ངས་འདི་ནས་རྩོམ་པ་པོ་ངོ་སྤྲོད་བྱེད་དགོས་སམ་འོན་ཏེ་རྩོམ་ཡིག་ངོ་སྤྲོད་བྱེད་དགོས་ཆ་མ་འཚལ་མོད། རྩོམ་འདིས་བདག་ལ་བཤད་པའི་སྐད་ཆ་རེ་འགའ་བཟློ་བར་མོས། སྤྱིར་གྲྭ་བཙུན་སྙན་ངག་པ་ཞིག་ལ་མཚོན་ན་མ་སྐྱེས་ཨ་མ་ཞེས་ངུ་རྒྱངས་འཐེན་འོས་མིན་ཤོད་པར་དཀའ་ནའང་། ཕྱི་ཤུན་ལྟ་བུའི་སྙན་ངག་འབྲི་བ་ནི་སྙན་ངག་གི་བྲན་གཡོག་ཏུ་ཚུད་པར་འདོད་ལ། དེས་ཕྱིར་བསྟོད་ཚིག་ཐན་ཐུན་ཞེས་ཕལ་གྱིས་གཙོག་པའི་ཚད་དུ་འདོད། ཏག་ཏག་ཡུལ་དེར་དད་པ་དམ་ཡང་ན་དེའི་ཡོན་ཏན་གྱི་ཆ་གང་ཡང་རང་གི་བསམ་སྟེང་དུ་རྣམ་པར་མ་དག་པར་བསྟོད་ཚིག་ཅིག་བྲིས་པ་ནི་བྲན་གཡོག་ལས་མ་འདས་སྙམ། ད་ལན་དེབ་འདིའི་ནང་གི་མཚམས་སྤྲིན་གྱི་གླེང་ཀ་ནས་ཕུལ་བའི་མཆོད་ཀར་མཚོན་ན་ཐོག་མའི་མཆོད་ཡུལ་གྱིས་མིའི་རིགས་ལ་སྤྲད་པའི་དགེ་མཚན་དུ་མ་ཞིག་གིས་བསྐུལ་ཏེ་སོར་རྩེ་ནས་བཞུར་ཕྱིར་དྲན་གཡོག་ཏུ་ཚུད་དོགས་མི་འདུག་སྙམ་ལ། ལར་སུ་ཞིག་ཡིནའང་རང་ཉིད་རང་ཉིད་ཡིན་པར་ཤེས་དགོས་པ་ནི་ཆེས་གལ་ཆེན་དུ་སྣང་ཞིང་། ད་གཟོད་རྩོམ་ཡིག་རེ་བྲིས་ཀྱང་རང་ཉིད་རྩོམ་ཡིག་དེའི་སྲོག་ཏུ་ཞུགས་པར་ངེས་ཤིང་། གཞན་རང་ཉིད་དང་ཁ་བྲལ་བའི་རྩོམ་ཡིག་ནི་ནེའུ་ཙོའི་མ་ཎི་ལས་མ་འདས། མདོར་ན་སེམས་ཀྱི་གཡོ་འགུལ་ལས་ཏག་ཏག་བཞུར་ཚེ་དེ་ནི་ཁྱོད་ཀྱི་སྐུ་ཚབ་ངོ་མ་དེ་ཡིན། དེབ་འདིའི་རྩོམ་པ་པོས་ལོ་འགའི་རིང་རང་གི་ཚོར་འདུ་སོར་རྩེར་སྐྱོན་ཏེ་འུ་ཚོ་ལ་ལེགས་གཅེས་སུ་གནང་བ་ནི་དགའ་འོས་པའི་གནས་སུ་མཆིས་ལ། རྩོམ་ཡིག་འདིའི་གཤིས་ཀ་རེ་རེ་ནས་ཁོ་བོས་འདིར་མི་བརྗོད་པ་ནི་ཀློག་པ་པོའི་གོ་སྐལ་དུ་ཡིན། ཁ་བས་གཡོགས་པའི་ཞིང་ཁམས་འདིར་སྙན་ངག་རིག་པ་སྨྲ་བའི་སྐྱ་སེར་དབྱར་གྱི་རྩི་ཏོག་བཞིན་འཁྲུངས་ཤིང་བཞད་ཀྱིན་འདུག་ལ། རྩོམ་པ་པོ་གཤེན་སྨྱུག་ཀྱང་ཁྱུ་ཚོགས་དེར་བཞུགས་བཞིན་ཡོད་པ་ནི་དེབ་འདིས་ཁྱེད་ཅག་ལ་ཤོད་ངེས་རེད། རེ་འགས་ནི་གྲྭ་བཙུན་ཞིག་གིས་སྙན་ཚིག་འབྲི་བར་ཅི་བྱེད་ཟེར། དེ་དག་གིས་སྙན་ངག་ཅེས་པའི་ཚིག་འབྲུ་གཉིས་པོ་འདིའི་ཁྱབ་ཚད་མ་རྟོགས་པར་སྙན་ངག་ཅེས་པ་འཇིག་རྟེན་གྱི་ངོ་གདོང་གཞན་དག་ཏུ་ཡོད་པར་འདོད་སྲིད། གྲྭ་བཙུན་ཞིག་ལ་མཚོན་ན་འཆད་རྩོད་རྩོམ་གསུམ་གྱི་ལས་སྟེགས་རེ་རེ་སྙན་ཞིང་འཇེབས་པའི་དབྱངས་རྟ་ལས་གྲུབ་འདུག་པས། མི་ཚེའི་འཁོར་རྟེན་གལ་ཆེན་ཞིག་སྙན་ངག་གིས་ཟིན་ཡོད་པའམ། སྙན་ངག་ལས་གྲུབ་ཡོད་པས། དེ་ནི་རྒྱང་སྐྱོད་ཀྱི་རྟ་ཕོ་ཞིག་དང་ཅིས་མི་མཚུངས། དེབ་འདིའི་རྩོམ་པ་པོས་ཀྱང་རང་ཉིད་ཀྱི་ལས་དབང་ལས་གྲུབ་པའི་དད་འདུན་གྱི་དབྱངས་ཚིག་བོན་པོ་ཞིག་གི་རྣམ་པ་གསལ་བ་དང་། ཕ་ཡུལ་གྱི་རྩྭ་ཐང་དང་མི་རིགས་ལ་འཆང་བའི་བརྩེ་བ་ཟབ་པའི་མཛེས་རྟོག་ལྷང་ལ་བུད་པ་སོགས་ཀློག་པ་པོར་སྔོན་འགྲོའི་ཚུལ་དུ་མདོར་བསྡུས་སོ།།

 ཁྱུང་སྨྱུག་མཛེས་ཀྱིས་རང་ཤག་གཙུག་ལག་འཁྱིལ་ཁང་དུ་༢༠༡༢    ༨ཉིན།།

Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/9/13 14:50:11
སྐུ་མགྲོན་uyp0TG(སྐུ་མགྲོན)ཁྱེད་ཀྱི་རྩོམ་དེབ་དང་པོ་སྤེལ་བར་བཀྲ་ཤིས་བདེ་ལེགས་ཞུ། བྱུང་ན་ཁེར་རྐྱང་གི་རོལ་དབྱངས་ཀྱི་མཚན་འགྲེལ་ཞིག་གནང་ན་ཡག་འདུག ཐུགས་ལ་འཛིན་རོགས། སྤུ་སྲས་ཉི་རྒྱལ་གྱིས།
རྩོམ་པ་པོ།:སྐུ་མགྲོན་uyp0TG(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/8/20 17:06:21
སྐུ་མགྲོན་s8Oa61(སྐུ་མགྲོན)གཤན་སྨྱུག་གི་རྩོམ་དེབ་སྤེལ་བ་དེ་བཀྲིསབདེ་ལེགས་དང་མུ་མཐུད་སྤེལ་བས་ཞུ་ཞུ་
རྩོམ་པ་པོ།:སྐུ་མགྲོན་s8Oa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/23 18:42:03
VYUGJBOམཆེད་གྲོགས་གཤེན་སྨྱུག་ལགས་ཀྱི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དངོས་སུ་སྤེལ་བསུ་ཚད་མེད་ཞུ། བཀྲ་ཤིས་བདེ་ལེགས། ཁྱུང་བསྟན་རབ་པས།
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/23 14:04:18
tibetmonkཉིད་ཀྱི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་འགྲེམ་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་ཞུ།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
མཁྱེན་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཟབ་པའི་འཇོན་ནུས་ཅན་གྱི་མཁས་དབང་རིན་སྤུང་ཚུལ་བསྟན་མཆོག་ནས་བདག་གི་ཐོག་མའི་རྩོམ་དེབ་ལ་གདིང་འཇོག་གནང་བར་ཤིན་ཏུ་བཀའ་དྲིན་ཆེ། མུ་མཐུད་དུ་འདི་གར་ཕེབས་ཤོག། ཟིན་བདག་གཤེན་སྨྱུག་གིས།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
མཁྱེན་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཟབ་པའི་འཇོན་ནུས་ཅན་གྱི་མཁས་དབང་རིན་སྤུང་ཚུལ་བསྟན་མཆོག་ནས་བདག་གི་ཐོག་མའི་རྩོམ་དེབ་ལ་གདིང་འཇོག་གནང་བར་ཤིན་ཏུ་བཀའ་དྲིན་ཆེ། མུ་མཐུད་དུ་འདི་གར་ཕེབས་ཤོག། ཟིན་བདག་གཤེན་སྨྱུག་གིས།
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/22 12:25:39
yongdrom

ད་ལན་གོ་སྐབས་བཟང་པོ་ཞིག་གི་ཆ་རྐྱེན་འོག་བདག་གི་རྩོམ་དེབ་ཐོག་མ་ཁྱེར་རྐྱང་གི་རོལ་དབྱངས་དངོས་སུ་འགྲིམ་སྤེལ་བྱེད་ཐུབ་པར་བྱུང་ནས་ཕྱོགས་སོ་སོར་ཁྱབ་པ་ལ་གདིང་འཇོག་གནང་བའི་དྲྭ་གྲོགས་དང་། མཁས་དབང་ཀུན་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས།
སྙན་དེབ་རྩོམ་པ་པོ་གཤེན་སྨྱུག་གམ། གཉན་ཆེན་ཐང་ལྷའི་ཟིན་བདག་གིས།
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/17 0:00:04
སྐུ་མགྲོན་2KAm1Q(སྐུ་མགྲོན)གཙང་ཆེན་དགེ་བཤེས་བདག་གིས་མཇལ་མྱོང་ཡོད། །གཙང་ཆུང་བཙུན་པ་བདག་གིས་ཐོས་མྱོང་ཡོད། །གཙང་ཚ་འདི་ཚོའི་རྩོམ་གཤིས་མྱོང་མྱོང་ཡོད། །གཙང་རིགས་བོན་གྱི་སྡོང་གྲོགས་སྐལ་པ་བཟང་། །
ནུབ་གླིང་འབྲས་ལྡན་གྲོང་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་2KAm1Q(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/16 10:15:36
སྐུ་མགྲོན་8Cs1WJ(སྐུ་མགྲོན)སྙན་ཚིགས་ཀྱི་ངག་སྒོ་ཡངས་བའི་གྲོགས་ནམ་ཡང་སྨྱུག་ཤོག་ངལ་གསོ་གཏོང་མི་ཉན།། མི་མཐུན་ནས་འབྲི་ལ་བརྩོན་ཡ།།

མགྲིན་ནག་ནས།།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ལགས་སོ། འཆད་རྭ་གཅིག་ནས་འདྲིས་པའི་རྩོམ་གྲོགས་ཁྱུང་མགྲིན་ནག་ལགས་ཁྱེད་ཀྱང་ཁོ་བོའི་ཞུ་འདོད་པ་ནི་དེ་ཡིན།
རྩོམ་པ་པོ།:སྐུ་མགྲོན་8Cs1WJ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/15 19:05:34
སྐུ་མགྲོན་I41Pht(སྐུ་མགྲོན)གཤེན་སྨྱུག་ལགས།། ཁྱུང་ཡུལ་རིག་པ་འབྱུང་བའི་ཕ་ས་ནས་ཧ་ལས་དགོས་པའི་རོལ་དབྱངས་དེ་འདྲ་སྙན་མོ་ཞིག་དཀྲོལ་གདའ་ངོ་མ་བཀྲ་ཤིས་བདེ་ལེགས་ཞུ།། དཔའ་བརྡ་ཚུལ་རྒྱན་ནས།།
རྩོམ་པ་པོ།:སྐུ་མགྲོན་I41Pht(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/15 14:49:16
སྐུ་མགྲོན་J41Qhu(སྐུ་མགྲོན)གྲོགས་པོ་གཤེན་སྨྱུག་ལགས་བཀྲ་ཤིས་བདེ་ལེགས།།ཁེར་རྐྱང་གི་རོལ་དབྱངས་སྙན་མོ་ཞིག་མཐོ་སྒང་གངས་རིའི་སྤུན་ཟླའི་དར་ལུང་རྣ་བའི་སྙན་ལམ་དུ་དཀྲོལ་བར་ཐུགས་རྗེ་ཆེ།། ད་དུང་མུ་མཐུན་ཡིན་ད།།ཁྱུང་བཙུན་གངས་དཀར་པོས།།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
དུས་ཡུན་རིང་ཙམ་ལ་ཁོ་བོའི་དགེ་རྒན་དུ་གྱུར་བའི་ཁྱང་གངས་པ་ལགས། ཁྱེད་ཀྱིས་ཁོ་བོའི་སྙན་དེབ་ཁེར་རྐྱང་གི་རོལ་དབྱངས་ལ་ཁ་གཡང་བརྗོད་པ་དང་། སློབ་སྟོན་མཛད་པར་ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་J41Qhu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/15 12:50:19
སྐུ་མགྲོན་Im1Pgt(སྐུ་མགྲོན)འོག་གི་མཆན་དེ་འགོད་མཁན་ཨ་ཀྲོང་རིན་རྒྱལ་ཡིན
རྩོམ་པ་པོ།:སྐུ་མགྲོན་Im1Pgt(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/15 12:46:48
སྐུ་མགྲོན་Im1Pgt(སྐུ་མགྲོན)ཐོག་དམར་གྲོགས་པོ་ལགས་འཚམས་འདྲི་བཀྲ་ཤིས་བདེ་ལེགས།
ཕྲན་ནི་ཡུན་རིང་ཞིག་དྲྭ་ཐོག་ཏུ་འགྲོ་ཁོམ་མ་བྱུང་དེ་རིང་ཟིན་བྲིས་ནང་དུ་ཡོང་དུས་གྲོགས་པོ་ལགས་ཀྱིས་སྙན་དེབ་ཅིག་འགྲེམ་སྤེལ་བྱས་འདུག་པ་ལགས་ན་ཕྲན་ནི་དགའ་བ་་རབ་རུ་བལྟས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཅུར་གཏོར་ཏེ་ཡི་རངས་ཞུ་བཞིན་ཡོད། རྗེས་སུ་འདི་དང་འདི་ལྟ་བུའི་རིག་པའི་བང་རྩལ་མཁའ་རུ་གཏོར་ཤོག
རྩོམ་པ་པོ།:སྐུ་མགྲོན་Im1Pgt(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 23:21:55
སྐུ་མགྲོན་8eu2XK(སྐུ་མགྲོན)གཙང་ཚ་དཔལ་ལྡན་ཁྲིམས་ཚུལ་བློ་གྲོས་སྒོ་མོ་བྱེ།
གཙང་དགེ་གཡུང་དྲུང་གཙུག་ཕུད་ཤེས་རབ་ཉི་མ་ཤར།
གཙང་གཞོན་གཡུང་དྲུང་གཙུག་ཕུད་རིག་པའི་ཚ་རླབས་འཕྱུར།
གཙང་ཚ་མཁས་དབང་འདི་གསུམ་གཡུང་དྲུང་བསྟན་པའི་རྒྱན།།
གཙང་ཚ་མཁས་དབང་གསུམ་ལ་བསྟོད་གླུ་འདི།
གཙང་ཚ་བླུན་པོ་བསམ་གཏན་འགྱུར་མེད་དེས།
གཙང་མཛེས་ཡིད་འོང་བྱང་ཐང་གྲོང་བརྡར་གྱི།
གཙང་སེལ་ཀླད་རྙིང་དག་ཁྲུས་ཁང་ནས་ཕུལ།།
རྩོམ་པ་པོ།:སྐུ་མགྲོན་8eu2XK(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 23:17:04
སྐུ་མགྲོན་8eu2XK(སྐུ་མགྲོན)༄གཙང་ཚ་དཔལ་ལྡན་ཁྲིམས་ཚུལ་བློ་གྲོས་སྒོ་མོ་བྱེ།
གཙང་དགེ་གཡུང་དྲུང་གཙུག་ཕུད་ཤེས་རབ་ཉི་མ་ཤར།
གཙང་གཞོན་གཡུང་དྲུང་གཙུག་ཕུད་རིག་པའི་ཚ་རླབས་འཕྱུར།
གཙང་ཚ་མཁས་དབང་འདི་གསུམ་གཡུང་དྲུང་བསྟན་པའི་རྒྱན།།
གཙང་ཚ་མཁས་དབང་གསུམ་ལ་བསྟོད་གླུ་འདི།
གཙང་ཚ་བླུན་པོ་བསམ་གཏན་འགྱུར་མེད་དེས།
གཙང་མཛེས་ཡིད་འོང་བྱང་ཐང་གྲོང་བརྡར་གྱི།
གཙང་སེལ་ཀླད་རྙིང་དག་ཁྲུས་ཁང་ནས་ཕུལ།།
གཙང་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་8eu2XK(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 21:31:13
སྐུ་མགྲོན་1ja4Dq(སྐུ་མགྲོན)གཤེན་སྨྱུག་ལགས། ཁྱེད་ཀྱི་རྣམ་དཔྱོད་རིག་པའི་རྩལ་ཁ་ནས་ཐོན་པའི་སྙན་དེབ་ཁེར་རྐྱང་གི་རོལ་དབྱངས་རྒྱ་ཆེ་གངས་རིའི་སྤུན་ཟླའི་སྙན་ལམ་དུ་ངོ་མ་དཀྲོལ་འདུག་པར་བཀྲ་ཤིས་བདེ་ལེགས་ཞུ།།ད་དུང་མུ་མཐུད་ཡིན་ད།།ཁྱུང་བཙུན་གངས་ལྷ་དཀར་པོས།།
རྩོམ་པ་པོ།:སྐུ་མགྲོན་1ja4Dq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 21:22:54
སྐུ་མགྲོན་8e72Xk(སྐུ་མགྲོན)གྲོགས་པོ་ལགས་ཀྱི་སྙན་དེབ་ཐོག་མ་དཔར་སྐྲུན་བྱེད་པར་རྟེན་འབྲེལ་ཞུ། མ་འོངས་པར་ཡང་རྩོམ་རིག་འཕྲིན་ལས་དབྱར་གྱི་མཚོ་མོ་བཞིན་རྒྱས་པའི་ཁ་གཡང་དང་བཅས་ཨ་ཀུན་གསལ་ཟླ་བས་རྒྱང་རིང་ནས་བཏེགས་སོ།།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
མདོ་སྨད་རྔ་གཡང་ཕྱུག་མོའི་ཞིང་ནས་དགེ་རྒན་གཅིག་གི་སློབ་གསོའི་འོག་ནར་སོན་པའི་དགེ་བཤེས་ཆེན་མོ་འམ། དོན་གྱི་སྙན་ངག་པ་ཨ་ཀུན་གསལ་ཟླ་བ་ལགས་ཐོག་མར་ངས་འདིར་དྲྭ་ལམ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁྱེད་ནས་བཅོས་མིན་གྱི་གཡང་དང་། སྨོན་ཚིག་གི་དབྱངས་རྟ་མགྲིན་ནས་བསྐྱོན་པར་ཐུགས་རྗེ་ཞུ་ཞུ།
རྩོམ་པ་པོ།:སྐུ་མགྲོན་8e72Xk(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 20:41:00
danzengyixiཁ་མིན་སེམས་གཏིང་ནས་རྟེན་འབྲེལ་ཞུ་བ་ཡིན།
མུ་མཐུད་ནས་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་ལྔ་རིག་གི་ཕ་མཐར་བརྒལ་རོགས། གུས་པ་ཡང་རྐང་འཁྲབ་ལག་འཁྲབ་བྱེད་ཀྱིན་ཁྱེད་ཆག་གི་རྗེས་འདེད་ཡོང་། །
ལྷ་གཡག་དར་མས།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ཡ་ཡ་དྲྭ་གྲོགས་ལགས། དུས་ནམ་ཡང་སེམས་དཔའ་འཁུམ་མི་ཉན།
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 17:29:08
yxlzགྲོགས་པོ་ལགས་བཟང་པོ་འདུག འུ་ཁ་བྲལ་བའི་ལོ་ངོ་ཁ་ཤས་ཀྱི་རིང་ལ་ཡོན་ཏན་གྱི་ཁོ་ལག་བཟང་པོ་ཞིག་རྒྱས་ཡོད་པ་དངོས་ནས་བཀྲ་ཤིས་བདེ་ལེགས་ཞུ། ཞེས་བོན་ནག་ཚང་ནས་ཕུལ།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ཐུགས་དྲིན་ཆེ། ཡུན་རིང་མ་ཐུག་པའི་མཆེད་གྲོགས་བོན་ནག་ཚང་གི་ཡེ་ཤེས་བློ་གྲོས་ལགས་ངས་འདི་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 16:50:13
སྐུ་མགྲོན་M62Tlx(སྐུ་མགྲོན)གཤེན་སྨྱུག་གི་དེབ་གསར་འགྲེམ་སྤེལ་གནང་བ་ལ་དགའ་བསུའི་ཐལ་མོ་སྦྱར་བཞིན་ཡོད།
རྩོམ་པ་པོ།:སྐུ་མགྲོན་M62Tlx(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཤེན་སྨྱུག་གི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་དང་འབྲེལ་བའི་གནས་ཚུལ། | 2012/4/13 16:26:56
སྐུ་མགྲོན་sWNa61(སྐུ་མགྲོན)གཤེན་སྨྱུག་གི་ཐོག་མའི་རྩོམ་དེབ་ཁེར་རྐྱང་གི་རོལ་དབྱངས་འགྲིམ་སྤེལ་བྱུང་བ་ལ་རྟེན་འབྲེལ་ཞུ། ཁྱུང་རིག་པའི་རལ་གྲིས།
རྩོམ་པ་པོ།:སྐུ་མགྲོན་sWNa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.