སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
གཤེན་རབ་མི་བོ། | 2013/5/20 10:44:00
གཤེན་རབ་མི་བོ།
--- བོན་གྱི་ཐང་ཀ་ཞིག་མཐོང་རྗེས་ཇ་ཐུན་གཅིག་གི་ཚེར་བྲིས་པ།
འདི་ནས་ཉི་མ་ནུབ་ཀྱི་བྱང་ཕྱོགས་ཏེ།།
སྟག་གཟིག་འོལ་མོ་གླིང་ཞེས་གྲགས་པ་ན།།
སྐལ་ཆེན་སྟོན་པ་རྒྱལ་བ་གཤེན་རབ་ཞེས།།
མཚན་གྱི་ཆོ་པན་སྲིད་ཞིའི་དཔལ་དུ་གྲུབ།།
རྨད་བྱུང་མཚན་དཔེའི་སྐུ་མཆོག་བརྟན་ཞིང་བརྗིད།།
གསུང་གི་འཁོར་ལོ་བསྟན་འགྲོའི་མགོན་དུ་དཔའ།།
ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་གསལ་བ་ཉིད།།
སྐྱེ་དགུར་བོན་གྱི་སྐལ་བ་སྦྱིན་པའི་མགོན།།
ལྷོ་གླིང་དགེ་བཅུའི་ཉི་གཞོན་མ་འཛུམ་གོང་།།
འདྲེ་སྲིན་བྱུར་གྱི་ཟ་ཁ་ཞི་མཛད་པ།།
ལྷ་མི་གཤེན་གསུམ་དགྱེས་པའི་དགའ་སྟོན་དུ།།
འཕྲུལ་ངག་བོན་སྒོ་སྟོན་ལ་ཕྱག་འཚལ་ལོ།།
བཅུ་གསུམ་གནམ་གྱི་རིམ་པའི་གོང་ཤད་ནས།།
སྨིན་གྲོལ་རྒྱལ་བསྟན་ཞི་བའི་འོད་ཆེན་པོ།།
སྐྱེ་དགུར་སྣང་བའི་དཔལ་དུ་སྦྱིན་པའི་གཉེན།།
འདྲེན་མཆོག་གང་དེ་སྲིད་ཞིའི་ལྷ་དང་གཤེན།།
- ཟིན་ཐོ་གོང་མ།སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར།
- ཟིན་ཐོ་འོག་མ།ཀ་ཁ་ག་ང།
རྨེའུ་སྟོན་ཐམས་ཅད་མཁྱེན་གཟིགས།
སྲིད་ཞིའི་ལེགས་ཚོགས་དགྱེས་པའི་དགའ་སྟོན་དུ།
ཟབ་གསལ་སྙན་འཇེབས་ལུང་གིས་བསྔགས་པ་ཡིས།
སྙིགས་དུས་བོན་སྐལ་འགྲོ་ལ་སྦྱིན་བྱེད་པ།
གང་དེ་ཕན་བདེའི་སྒོ་བརྒྱ་འབྱེད་པའི་དཔལ།
རབ་ཏུ་དག་པ་བོན་སྐུའི་ངོ་བོ་ལས།
མཚན་དཔེའི་གཟུགས་སྐུ་ཉི་ཟླའི་སྣང་བ་ཟུང་།
གདུལ་བྱའི་དག་སྣང་མ་བཀག་གསལ་བ་ཡིས།
སྐུ་གསུམ་ངོ་བོ་གཅིག་ཏུ་བསྡུས་ཞེས་བསྔགས།
པཎ་གྲུབ་བྱེ་བའི་དབུས་ནས་འཕགས་པ་སྟེ།
རིག་པའི་སེང་སྐད་སྒྲོག་ལ་མཁས་པའི་ཕུལ།
རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཞེས་སྙན་པ་ཡིས།
སྐལ་ལྡན་གདུལ་བྱར་ཐར་པའི་སྣང་བ་བྱིན།
འཆད་པ་དྲི་བྲལ་གངས་ཀྱི་ས་འཛིན་ལས།
རྩོད་པ་སྨྲ་བའི་སེང་སྐད་ཡོངས་ཕྱུང་ནས།
རྩོམ་པ་བོན་གྱི་ཆར་རྒྱུན་སྨིན་པའི་རྗེ།
རྒྱལ་གཤེན་མི་ཡི་གཟུགས་སུ་བྱོན་པའི་ལྷ།
ཐུགས་མཆོག་སྒོ་མཛོད་རྣམ་ལྔ་ཀུན་མཁྱེན་པས།
གསུང་བསྟན་དུས་ཀྱི་བསྟན་པའི་སྒྲོན་མེ་སྟེ།
ཁྲི་ཕྲག་ལེགས་བཤད་དབྱར་མཚོ་རྒྱས་པའི་གཉེན།
གངས་ཅན་མཁས་པའི་གཙུག་གི་རྒྱན་ཞེས་བསྟོད།།
སྲིད་ཞིའི་ལེགས་ཚོགས་དགྱེས་པའི་དགའ་སྟོན་དུ།
ཟབ་གསལ་སྙན་འཇེབས་ལུང་གིས་བསྔགས་པ་ཡིས།
སྙིགས་དུས་བོན་སྐལ་འགྲོ་ལ་སྦྱིན་བྱེད་པ།
གང་དེ་ཕན་བདེའི་སྒོ་བརྒྱ་འབྱེད་པའི་དཔལ།
རབ་ཏུ་དག་པ་བོན་སྐུའི་ངོ་བོ་ལས།
མཚན་དཔེའི་གཟུགས་སྐུ་ཉི་ཟླའི་སྣང་བ་ཟུང་།
གདུལ་བྱའི་དག་སྣང་མ་བཀག་གསལ་བ་ཡིས།
སྐུ་གསུམ་ངོ་བོ་གཅིག་ཏུ་བསྡུས་ཞེས་བསྔགས།
པཎ་གྲུབ་བྱེ་བའི་དབུས་ནས་འཕགས་པ་སྟེ།
རིག་པའི་སེང་སྐད་སྒྲོག་ལ་མཁས་པའི་ཕུལ།
རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཞེས་སྙན་པ་ཡིས།
སྐལ་ལྡན་གདུལ་བྱར་ཐར་པའི་སྣང་བ་བྱིན།
འཆད་པ་དྲི་བྲལ་གངས་ཀྱི་ས་འཛིན་ལས།
རྩོད་པ་སྨྲ་བའི་སེང་སྐད་ཡོངས་ཕྱུང་ནས།
རྩོམ་པ་བོན་གྱི་ཆར་རྒྱུན་སྨིན་པའི་རྗེ།
རྒྱལ་གཤེན་མི་ཡི་གཟུགས་སུ་བྱོན་པའི་ལྷ།
ཐུགས་མཆོག་སྒོ་མཛོད་རྣམ་ལྔ་ཀུན་མཁྱེན་པས།
གསུང་བསྟན་དུས་ཀྱི་བསྟན་པའི་སྒྲོན་མེ་སྟེ།
ཁྲི་ཕྲག་ལེགས་བཤད་དབྱར་མཚོ་རྒྱས་པའི་གཉེན།
གངས་ཅན་མཁས་པའི་གཙུག་གི་རྒྱན་ཞེས་བསྟོད།།