རྩོམ་དེབ་དཔེའུ་ཙེ་དཀར་པོ་ངོ་སྤྲོད།
རང་ཉིད་མེ་ཏོག་གང་ལ་ཕོག་པའི་ཆོས་སྐལ་གཡུང་དྲུང་བོན་དང་བོད་ཀྱི་རིག་གཞུང་ལ་ལོ་མང་རིང་འཆད་རྩོད་དང་སློབ་བརྩོན་མི་དམན་པ་ཞིག་བྱས་པའི་འབྲས་རྟགས་སམ། ཡང་ན་མི་རིགས་ལ་བརྩེ་བའི་བསམ་འདུན་ཞིག་གིས་སྲིང་བའི་ལེགས་སྐྱེས་ཏེ་ད་ལན་བདག་གི་རྩོམ་དེབ་གཉིས་པའམ། དཔྱད་དེབ་དང་པོ་དཔེའུ་ཙེ་དཀར་པོ་ཀོ་རྒྱལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་ཆེན་གྱི་རྩ་བའི་སློབ་དཔོན་ཆེན་མོ་དགེ་བཤེས་ཡོན་ཏན་ཕུན་ཚོགས་དང་། རྒན་ཁྱུང་སྨྱུག་མཛེས། ཤོ་བཙུན་ཁྲི་གཙུག་རྒྱལ་པོ་སོགས་ཀྱིས་གཙོས་པའི་འདི་གའི་བོན་མཆེད་ཡོངས་ཀྱི་མཐུན་སྦྱོར་དང་། རོགས་རམ་འོག་ད་ལན་ཉིས་སྟོང་བཅུ་གསུམ་ལོའི་ལོ་སྟོད་དུ་ཕྱོགས་སོ་སོའི་ཀློག་པ་པོའི་མཐོང་ཡུལ་དུ་ཁྱབ་སྤེལ་བྱུང་ཡོད་ཅིང་། སྤྱིར་དཔེ་དེབ་འདི་ཉིད་ནི་ལེའུ་ཚན་མི་འདྲ་བ་གསུམ་སྟེ་དཔྱད་རིག་པའི་རྣོ་སོ་དང་། དགག་སྒྲུབ་བསམ་པའི་སྙིང་སྟོབས། བདག་གིས་སྙན་ངག་གླེང་སོགས་ལས་གྲུབ་པའི་དེབ་གཞི་ཞིག་ཏུ་ལགས་ཤིང་། གཙོ་བོ་བོད་དང་བོན་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གཞུང་སོགས་དང་འབྲེལ་ཡོད་ཀྱི་རྩོམ་གཤིས་ཅན་ཞིག་ཏུ་ཡིན། འདིར་དཔེ་དེབ་འདིའི་མགོ་ལུས་སྲོག་གསུམ་གྱི་སྐོར་རེ་རེ་བཞིན་མི་བརྗོད་པ་ནི་གཅིག་ནས་ཀློག་པ་པོའི་གོ་སྐལ་དུ་ཡིན་ལ། མ་གཞི་ནས་ཐོག་མའི་གསལ་བཤད་དུ་མཚན་འགྲེལ་དང་། དཔེ་དེབ་འདིའི་ཀློག་པ་པོར་ཐོག་མར་ཞུས་པའི་རྩ་བའི་བླང་དོར་གྱི་སྐོར་སོགས་སྔོན་ནས་ཞུས་ཟིན་པས་འདིར་བསྐྱར་དུ་མི་གླེང་པ་ཡིན་ཞེས་གཙང་ཚྭ་གཤེན་མིང་པས།
མདུན་ཤོག
ལེའུ་དང་པོ།
ལེའུ་གཉིས་པའི་བྱ་ར།
ལེའུ་གསུམ་པའི་བྱ་ར།
རྒྱབ་ཤོག
- ཟིན་ཐོ་གོང་མ།བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཟིན་ཐོའི་སྨད་ཆ།
- ཟིན་ཐོ་འོག་མ།སྤུ་རྒྱལ་དང་སྤུ་ཞེས་པའི་ཐ་སྙད་ཀྱི་སྐོར།
རིས་མེད་པས།
གཞོན་སྐྱེས་ཚོའི་རྩོམ་དེབ་རེ་སྤེལ་ཐུབ་པའི་སྨོན་ལམ་ ༼གུས་པ་ཤེས་རབ་སྙིང་པོ་ནས༽
དྲྭ་གྲོགས་ཤིག་ནས།
དྲྭ་གྲོགས་ཤིག་ནས།
བཀྲ་ཤིས་བདེ་ལེགས་ཞུ། རྩོམ་དེབ་གཉིས་པ་ལེགས་གྲུབ་བྱུང་བར།
རིན་སྤུངས་ནས་