ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཀ་ཁ་ག་ང།  | 2013/6/3 11:30:00

ཀ་ཁ་ག་ང།

བགྲང་བྱ་ཁྲི་ཁྲི་ཕྲག་གི་གནའ་སྔ་མོར།

ལོ་རྒྱུས་དང་གཏམ་རྒྱུད་ཀྱི་བང་རིམ་བརྩིགས་པའི་ཡར་སྔོན་ཏེ།

བཤད་མི་བཏུབ་པའི་མི་རབས་དང་དུས་རིམ་ཆ་གཅིག་གི་རྒྱབ་རོལ་དུ།

སྙན་ངག་འདིའི་བྱིན་རླབས་ཀྱི་ཆུ་ཐིགས་འགྲོ་ཀུན་ལ་ཐིམས་ཤིང་།

ངག་རྟ་འདིས་ང་ཚོའི་ཞལ་འབྱེད་གནང་བ་ཨི་ཚོར།

ཀ་ཁ་ག་ང།

གནམ་རིམ་པ་བཅུ་གསུམ་གྱི་ཡ་ཐོག་ན།

མཚན་དཔེའི་འོད་སྣང་འབར་སྟེ།

ས་རིམ་པ་བཅུ་གསུམ་འདིའི་གོང་ཤད་དུ།

ཚངས་དབྱངས་ཀྱི་རོལ་མོ་དཀྲོལ་བའི་མེས་པོ་ཞིག་གིས།

ཁམས་གསུམ་གྱི་འགྲོ་བའི་ལྐུགས་ཁ་འབྱེད་པས་ཁྱེད་གནའ་སྔ་མོ་སྔ་མོ་ཞིག་ནས་དུང་གི་ཚེམས་བར་ནས་འཁྲུངས་ཟེར།

ཀ་ཁ་ག་ང།

ཡུལ་ཞང་བོད་ན་ཁ་འབབ་རྣམ་བཞིའི་བཞུར་རྒྱུན་བཞིན་ཚེ་སྲོག་གི་དམུ་ཐག་མ་ཆད་ཅིང་།

ཁྱེད་ཀྱི་དབྱངས་རྟ་ལས།

མེས་པོ་ཚོའི་སློབ་གསོ་ཡི་རོལ་དབྱངས་རེ་རེ་ན་སོན་པས།

མི་རིགས་ཤིག་གི་གཅེས་ཕྲུག་ཚོའི་ངག་རྟའི་མཛེས་པ་མཆེད་ཡོད།

ཀ་ཁ་ག་ང།

གཤེན་རབ་མི་བོ་ཡིས་རྔ་ཞིག་བརྡུང་པས།

ཁྱེད་ཀྱི་ཟུང་ཁྲག་ལ་ཁ་སྣོན་བྱས་ཤིང་།

ཕྱྭ་ཟ་ངང་འབྲང་མས་གཤང་ཞིག་དཀྲོལ་བས།

ཁྱེད་ཀྱི་རང་གཤིས་ལ་མཛེས་ཉམས་ཀྱིས་ཕྱུག

ཀ་ཁ་ག་ང།

རི་ཏི་སེ་ལྷུན་པོའི་གངས་རླུང་གིས་དེད་པའི་མཚོ་མ་པང་གི་རླབས་སྒྲ་བཞིན་སྙན་འཇེབས་ཀྱིས་མཚོན་ཞིང་།

རྣམ་ཐར་གྱི་རི་མོ་ཡང་ལས་རླུང་གི་རྒུད་པ་ཞི་བས་ཡར་ཆབ་གཙང་པོའི་བཞུར་རྒྱུན་བཞིན།

མི་རིགས་འདིའི་ཕྱི་རབས་པ་ཞིག་གི་ངག་རྟ་ལས་གསོན་ཤུགས་རྒྱས་ནས།

མ་འོང་པའི་ཁྲི་ལོ་དུ་མར་མཚན་སྙན་གྱི་གཟི་བརྗིད་འབར་ཞིང་།

ང་དང་ཁྱེད་ཚོའི་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་དུས་ནམ་ཡང་རྒྱལ་ཁ་ཞིག་གི་དཔལ་དུ་སྨོན།

སྙན་ངག་གྱེར་འདོན་གྱི་བྱེད་སྒོའི་སྐབས་སུ་ཀོ་རྒྱལ་བོན་གྱི་གླིང་ནས།

Re:ཀ་ཁ་ག་ང། | 2014/3/5 17:51:16
སྐུ་མགྲོན་8DTf8J(སྐུ་མགྲོན)རྩོམ་སྤེལ་བར་ལེགས་ཤིང་ད་དུང་བྱུང་ན་དག་སྦྱོར་སྐོར་ལ་དགོངས་ཟབ་ཐུབ་ན་དེ་བས་ལེགས། དགོངས་དག
རྩོམ་པ་པོ།:སྐུ་མགྲོན་8DTf8J(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཀ་ཁ་ག་ང། | 2014/3/5 1:33:22
སྐུ་མགྲོན་Mqh6KW(སྐུ་མགྲོན)ཡག་པོ་འདུག
རྩོམ་པ་པོ།:སྐུ་མགྲོན་Mqh6KW(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཀ་ཁ་ག་ང། | 2013/6/6 21:49:42
སྐུ་མགྲོན་sw4Aqe(སྐུ་མགྲོན)ཁ་ལྷོད་པའམ་གོ་སླ་བ་ནི་སྲོལ་རྒྱུན་དང་རང་མོས་ལ་མ་ལྟོས་པའི་སྙན་ངག་གི་ཡོན་ཏན་ཞིག་རེད་བསམ་སོང་། ཟིན་བདག་གིས་བོནད་ཡུལ་ནས།
རྩོམ་པ་པོ།:སྐུ་མགྲོན་sw4Aqe(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཀ་ཁ་ག་ང། | 2013/6/4 10:28:03
སྐུ་མགྲོན་02WJa4(སྐུ་མགྲོན)ཁ་ལྷོད་པའི་རྩོམ་ཞིག་བྲིས་འདུག སྲོལ་རྒྱུན་དང་འབྲེལ་བ་ཆེ་ཀི་ཡ། ཞིབ་ཀྱི་བཀླག་ནས་སོང་བ་ཡིན།
རྩོམ་པ་པོ།:སྐུ་མགྲོན་02WJa4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.