སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
སྲིད་པའི་བོན་རྒན། | 2013/8/5 17:05:00
སྲིད་པའི་བོན་རྒན།
དབེན་གནས་ལ་བཞུགས་པའི་གྲུབ་ཐོབ་པ་ཞིག་ལ་ཕུལ་བ།---རི་བོ་བྲག་དཀར་དེ་སྤྲིན་གྱི་བང་རིམ་འདྲ།།
མཚམས་ཁང་ཆུང་ཆུང་དེ་ལྷ་ཡི་གནས་མལ་ཡིན།།
རས་གོས་ལྷེབ་གཅིག་ལས་འཚོ་རྟེན་མེད་ན་འང་།།
དག་པའི་ཞིང་ཁམས་དེ་རང་ཁྱིམ་གཙང་མ་ཞིག།
གཤང་ཆུང་ནུ་འབུར་འདྲ་བྲང་ལ་སྦྱར་བ་དང་།།
པོ་ཏི་དཀར་པོ་དེ་ཀློག་བཞིག་ཀློག་བཞིན་དུ།།
གཡུ་ཡི་རྔ་ཆུང་ཞིག་རྒྱབ་ཏུ་ཁུར་ནས་ཡོད།།
རྩ་རིའི་སྐོར་ལམ་དེ་ཕྱག་གིས་བསྐྱོད་མཁན་ཡིན།།
ཐོད་གཉེར་དགུ་རིམ་དེ་བྲག་རྩིས་གཏམས་པ་དང་།།
བ་སྤུ་འདོམ་གང་མར་ཐལ་ཞག་ཆགས་པ་ཡིས།།
ཐ་མའི་གདུལ་བྱ་དང་སྤྱོད་སྟངས་འགལ་གྱུར་ཀྱང་།།
ཡེ་ཤེས་ལྷ་ཚོགས་ཀྱིས་དགའ་འགུ་མཉེས་བཅུ་ཡོད།།
ཡོད་དང་སྒྲུབ་པ་ལས་ཆགས་འཛིན་བྲལ་བ་སྟེ།།
མེད་དང་བཀག་པ་ལས་བཅིངས་བཀྲོལ་ཐོབ་པ་ཞིག།
རི་འདབས་གཅེར་བུ་དང་རི་སྒང་གཟན་དཀར་ཅན།།
ལྷུང་བཟེད་འཆང་བ་ཡི་ངང་ཚུལ་སྙིང་ནས་གུས།།
ཐོད་ཕོར་ཞག་རྩི་ཅན་མཆོད་ཆང་བཞེས་ས་ཡིན།།
རུས་པའི་འཕྲེང་མ་དེ་འཛབ་བསྙེན་བཟླ་བྱེད་ཡིན།།
ཞ་མོ་དཀར་པོ་གྱོན་ལྷམ་ནི་མེད་པ་ཞིག།
གནའ་བོའི་བོན་རྒན་ལ་སྲིད་པའི་ཕྱག་བྱ་འོ།།
སྐད་འཕྲིན་ལས་དྲངས།
- ཟིན་ཐོ་གོང་མ།བོད་ཆེན་པོའི་ལོ་རྒྱུས་སྟེང་དུ་ལོ་ངམ་གྱིས་བསྐྲུན་པའི་ཟིན་ཐོའི་སྐོར།
- ཟིན་ཐོ་འོག་མ།ཨ་ལན་ཡ་ལན།

ཁྱུང་ནས།


༼༦༽རྒྱ་གར་མེ་ལོང་མར་དྲིན་ལན་ལོག་འཇལ་ལམ།། གཙང་གཤེན་སྙན་གཞུང་ལ་ངོ་ལོག་བྱས་མིན་དེ།། རྙིང་མའི་བཅད་ལུགས་ལ་ཞན་པ་ལོག་གིན་འདུག། རྩོམ་ལུས་རང་དབང་ཅན་གྲོགས་ཀྱི་དྭངས་མ་ཞིག།། ༼༧༽ཀ་རྩོམ་ཐར་ཐོར་དེ་སློབ་མའི་ལས་རིམ་སྟེ།།ཚིགས་བཅད་ཕལ་ཆེར་ཡང་བྱང་ཆ་ཙམ་གྱི་ཆེད།།སྙན་ངག་སློབ་པ་ལ་དགོས་གལ་ཆེ་ན་འང་།།རྩོམ་པའི་སྒྱུ་རྩལ་གྱི་བཀག་རྡོ་ཞིག་ཀྱང་རེད།།༼༨༽ཁ་གསལ་གོ་བདེ་ཞེས་དགེ་ཆོས་མཁས་པའི་སྲོལ།།དིང་རབས་ཤས་ཙམ་ཞིག་དེ་ལས་ཟློག་པ་ཡིན།།རྡོ་ཆ་བཙན་བསྒྲིཊ་དང་བསམ་བློ་ཉི་ཚེ་བས།།ལྷུག་དང་རང་མོས་ཀྱི་དབྱེ་འབྱེད་བྱེད་པར་མཚར།༼༩༽ཤ་ཉེ་གྲོགས་པོ་ཁྱེད་ཨུ་ཚུགས་ཆེ་བ་ཡིས།།མཉམ་སྡོད་དུས་ཚིགས་དེ་དྲི་བས་མ་སྐྱིད་ཐལ།།ཁ་རྩང་བཤད་པ་དེས་ཚིམ་པོ་བྱུང་མིན་ན།།དེ་རིང་ཟིན་ཕྲན་འདིས་དགའ་སྟོན་ཡང་ཡང་བྱ།།
༢༠༡༣-༨-༡༨ཉིན།

