ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་ལན་ཡ་ལན། | 2013/8/19 12:45:00
ཨ་ན་ཡ་
མདོར་ན་ཁྱེད་རང་གིས་སྙན་ངག་གི་ཕྱོགས་ནས་
             ཇི་ལྟར་བཤད་ཅེས་པའི་ལན་དུ།
         ༡
ཚིག་གི་ལྷུ་ལག་དེ་ཨན་ཙམ་འགྲིག་ན་འང་།།
བསམ་པའི་མཚོན་སྟངས་ཤིག་དྲུང་ནས་མེད་གྱུར་ན།།
དོན་གྱི་སྙན་ངག་དང་བར་ཐག་ཇེ་རིང་ཞེས།།
གནའ་ནས་ད་བར་དུ་བདག་གི་བླ་འབོད་ཡིན།།
         ༢ 
ཚིགས་བཅད་མཁན་པོ་ཡིས་བསྡུས་བརྗོད་མ་བྲིས་ཤིང་།། 
རང་མོས་རྩོམ་ལུས་ལ་གབ་སྦས་ལྡན་མིན་ཡང་།། 
ཤོག་ཐོག་བྲིས་པ་སྟེ་སེམས་ཀྱི་རི་མོ་དེ།། 
ང་ཡི་དགའ་ས་ཡིན་དུང་བ་ཐིམ་ས་ཡིན།། 
        ༣ 
རྩོམ་རིག་མཁན་པོ་ཚོས་དགའ་བའི་སྐད་ཆ་དང་།། 
ང་ཡི་སེམས་སྟེང་གི་སྙན་ངག་གཙང་མའི་བར།། 
མགོ་མཇུག་མི་འདྲ་བཞིན་དོན་གྱི་འགལ་འདུ་མང་།། 
དེ་ནི་བར་སྐབས་ཀྱི་སྟབས་བདེའི་སྡོམ་ཚིག་ཅིག། 
        ༤
སེང་གེ་རྡོ་རྗེ་ཡི་ཉ་ག་ཕ་གེར་དང་།། 
དགེ་འདུན་ལྷུན་གྲུབ་ཀྱི་ཕྲེང་བ་ནག་པོ་ལས།། 
སྐུ་ཞབས་རང་གྲོལ་གྱི་ལང་ཚོའི་རྦབ་ཆུ་དགའ།། 
མི་རྟག་དྲན་པ་ཡི་གསུང་མགུར་དེ་བཞིན་ནོ།། 
        ༥
བསྡུས་བརྗོད་མངོན་བརྗོད་ཀྱིས་འཆིང་བར་མ་བྱས་པར།། 
ཐ་སྙད་ཚིག་ལྷུ་ཡང་འགྲིག་འགྲིག་གཅེས་གཅེས་ཀྱིས།། 
སེམས་ཀྱི་ཟབ་ས་ནས་རང་སྐད་བཤད་པ་དེ།། 
སྙིང་སྡུག་མེད་པ་ངའི་སྙིང་གི་ཕྱེད་ཀ་ཡིན།། 
        ༦
རྒྱ་གར་མེ་ལོང་མར་དྲིན་ལན་ལོག་འཇལ་ལམ།། 
གཙང་གཤེན་སྙན་གཞུང་ལ་ངོ་ལོག་བྱས་མིན་དེ།། 
རྙིང་མའི་བཅད་ལུགས་ལ་ཞན་པ་ལོག་གིན་འདུག། 
རྩོམ་ལུས་རང་དབང་ཅན་གྲོགས་ཀྱི་དྭངས་མ་ཡིན།། 
        ༧ 
ཀ་རྩོམ་ཐར་ཐོར་དེ་སློབ་མའི་ལས་རིམ་སྟེ།། 
ཚིགས་བཅད་ཕལ་ཆེར་ཡང་བྱང་ཆ་ཙམ་གྱི་ཆེད།། 
སྙན་ངག་སློབ་པ་ལ་དགོས་གལ་ཆེ་ན་འང་།། 
རྩོམ་པའི་སྒྱུ་རྩལ་གྱི་བཀག་རྡོ་ཞིག་ཀྱང་རེད།། 
༨ 
ཁ་གསལ་གོ་བདེ་ཞེས་དགེ་ཆོས་མཁས་པའི་སྲོལ།། 
དིང་རབས་ཤས་ཙམ་ཞིག་དེ་ལས་ཟློག་པ་ཡིན།།
རྡོ་ཆ་བཙན་བསྒྲིགས་དང་བསམ་བློ་ཉི་ཚེ་བས།། 
ལྷུག་དང་རང་མོས་ཀྱི་དབྱེ་འབྱེད་བྱེད་པར་མཚར།། 
༩ 
ཤ་ཉེ་གྲོགས་པོ་ཁྱེད་ཨུ་ཚུགས་ཆེ་བ་ཡིས།། 
མཉམ་སྡོད་དུས་ཚིགས་དེ་དྲི་བས་མ་སྐྱིད་ཐལ།། 
ཁ་རྩང་བཤད་པ་དེས་ཚིམ་པོ་བྱུང་མིན་ན།། 
དེ་རིང་ཟིན་ཕྲན་འདིས་དགའ་སྟོན་ཡང་ཡང་བྱ།། 
                   ༢༠༡༣ ༨ ༡༨ཉིན།
Re:ཨ་ལན་ཡ་ལན། | 2013/8/21 22:26:23
danzengyixi


ཚིག་བཅད་དེ་ཚོ་ཀློག་འདོད་ཆེ་བའི་རིགས་ཤིག་ཡིན་འདུག
གུས་པས་འཕྲེང་བ་ནག་པོའི་ནང་གི་སྙན་རྩོམ་མང་ཆེ་བའི་ནང་དོན་ཧ་གོ་ཡི་མི་འདུག ཧེ་ཧེ་་་་་་་་་་
ལྷ་གཡག་དར་མས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.