ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བརྩེ་དུངས་ཀྱི་མཇུག་འབྲས། | 2012/3/26 11:27:00

༧བརྩེ་དུངས་ཀྱི་མཇུག་འབྲས།

ཆེད་དུ་ན་གཞོན་མཐོ་འབྲིང་གི་སློབ་གཉེར་བ་རྣམས་ལ་ཕུལ་བ།

གར་བྱུང་འདིར་བྱུང་མེད་པར་གྲྭ་རྐྱང་འཁྱམས་པོས་འདི་ལྟར་གྱི་མིང་བྱང་ཞིག་རྩོམ་འདིའི་ཐོག་མའི་མགོ་བོའི་ཚུལ་དུ་བཀོད་ཡོང་དུས་རྩོམ་ཡིག་དངོས་ཀྱི་བརྗོད་བྱ་དུམ་བུ་དག་བཀླགས་མ་ཚར་བར་དུ་རེ་ཞིག་གིས་གྲྭ་རྐྱང་ཞིག་ཡིན་ཡང་བརྩེ་དུང་ཀྱིས་བཟི་ཡོད་པའི་དོགས་པ་དུ་མར་སྐྱེ་བའི་དོགས་སློང་དུ་འགྱུར་ཉེས་ཆེ་ཡང་མིང་བྱང་དེ་བརྩེ་དུངས་ཀྱི་མཇུག་འབྲས་ངོ་སྤྲོད་བྱེད་ཙམ་ལས་རང་ཉིད་བརྩེ་དུངས་གིས་བཟི་ཡོད་པར་སྟོན་བྱེད་ཅིག་ག་ལ་ཡིན། ཡང་དེ་ལྟར་བཤད་བཞག་ན་བརྩེ་དུངས་ཀྱི་མཇུག་འབྲས་ད་གཟོད་ངས་ངོ་སྤྲོད་དགོས་པར་སྙམ་ཡང་སྤྱིར་སློབ་གྲྭར་འགྲོ་བའི་ན་ཆུང་མང་ཆེ་བ་ཞིག་གིས་བསམ་བློ་གཏོང་མི་གཏོང་ཙམ་མ་གཏོག་བརྩེ་དུངས་ནི་དུས་རྟག་པར་བཀོལ་སྤྱོད་བྱེད་བཞིན་མཆིས་ཤིང་། དེའི་མི་ཚད་དེའི་མཇུག་འབྲས་ཡང་མི་དམན་པ་ཞིག་ཤེས་ཡོད་ཚོད་འདུག ཉེ་ཆར་གུས་པའི་བསམ་སྟངས་ལ་བལྟས་ན་ལས་དཀའ་ཞིག་གི་ནང་ནས་བརྩེ་དུངས་བཀོལ་སྤྱོད་བྱེད་རྒྱུ་ནི་ལས་ཆེས་སླ་མོའི་ནང་གི་སླ་མོའི་གྲས་ཀྱི་ལས་དཀའ་ཞིག་རེད་ལ། གནས་སྐབས་ཙམ་ལ་དཔེ་མི་སྲིད་པའི་བདེ་བ་ཞིག་ཀྱང་དེས་བསྟེར་སྲིད་རྒྱུ་རེད་ལ། རེ་འདོད་འགའ་ཡང་དེས་ཁ་བསྐོང་ཐུབ་རྒྱུ་རེད། དེའི་ཕྱིར་གྲྭ་འཁྱམས་དང་བཙུན་མ་འཁྱམས་པོ་ཚོ་འདི་ལ་མགོ་འཁོར་ནས་དགོན་གླིང་ནས་ཁ་ཕྱི་ལ་བསྐོར་ཏེ་འགྲོ་བཞིན་གདའ། སློབ་མ་ཚོས་ཀྱང་དམའ་རིམ་ནས་འདི་ལ་ཞེན་ཞིང་ཆགས་ནས་མཐོན་རིམ་ལ་ཐོན་དུས་ཡང་འདིའི་ཆེད་དུ་སློབ་སྦྱོང་གི་འཚོ་བ་སྐྱུར་ཐལ། དྲང་པོར་བཤད་ན། ཐ་ན་སྤྱི་ཚོགས་ཐོག་གི་མི་མང་ཆེ་བ་ཞིག་ཀྱང་དེ་བཞིན་རེད། གོང་གི་དཔོན་པོ་དང་བློན་པོ། འོག་གི་སྤྲང་པོ་དང་བྲན་གཡོག་ཧ་ལམ་ཡོད་ཚད་ཀྱང་དེ་བཞིན་རེད། འདིའི་ཆེད་དུ་དགེ་བཤེས་ཤིག་དམ་ཚིག་ཉམས་རབ་ཡོད། སྤྲུལ་སྐུ་ཞིག་ཁྲི་ལས་བབས་རབ་ཡོད། རྒྱལ་བོ་ཞིག་ཆབས་སྲིད་ཤོར་རབ་ཡོད། ད་དུང་ཁྱོ་བོ་ཚོའི་མནའ་མ་ཡང་ཕར་ཤོར་ཚུར་ཤོར་བྱུང་རབ་ཡོད། གཉན་ཉེ་ཚོའི་དུངས་སེམས་ཡང་དེ་ཡི་ཆེད་དུ་བཀླག་རབས་ཡོད། མིང་སྲིང་རེ་ཞིག་གིས་ཤ་རུས་ཀྱི་འབྲེལ་བ་ལ་མ་བསམ་པར་ཐན་སྤྲུག་ཞིག་གཅེས་བསྲིང་བྱས་རབ་ཡོད། དེ་དག་ནི་ང་ཚོ་སུ་གང་ལའང་ངོ་སྤྲོད་མི་དགོས་པའི་བརྩེ་དུངས་ཀྱི་མཇུག་འབྲས་ཏེ་ང་ཚོ་སུ་ཞིག་གི་མིག་ལམ་དུ་ལྷང་ངེར་བུད་པའི་ཁྲ་ལམ་ལམ་གྱི་བརྙན་གཟུགས་ཁོ་ན་མ་ཡིན་ནམ། དོན་ངོ་མ་དེ་ཡག་རྟགས་ཤིག་ཨེ་རེད། མ་རེད་ཐན་རྟགས་ཤིག་རེད་པས་སྔར་སོང་ཕྱིས་འདིང་ཡོད་པའི་མི་སྐྱ་རེ་ཞིག་གིས་ཀྱང་བརྩེ་དུངས་ཀྱི་མཇུག་འབྲས་ལ་བསམ་ནས་བརྩེ་དུངས་ལ་ཞེན་པ་ལོག་བཞིན་ཡོད། དོན་ངོ་མ་དེ་ནང་བཞིན་རེད། ཚོད་ཡོད་པའི་མི་ཞིག་ཡིན་ན་སྐབས་སྐབས་སུ་བརྩེ་དུངས་བེད་སྤྱོད་བྱེད་པ་ལ་མཚམས་པོ་ཡོད་ཆོགས་ཀྱང་། བརྩེ་དུངས་ནི་བཟི་ཧ་ཆེ་བའི་ཆང་ཨ་རག་ལྟ་བུ་ཞིག་ཡིན་པས། ཚོད་མེད་པའི་མི་རྣམས་ཀྱིས་དེ་ལོངས་སུ་སྤྱོད་པ་ནི་ཆེས་མི་རུང་པ་ལྟ་བུ་ཞིག་རེད། ད་དུང་ན་གཞོན་སློབ་མ་ཚོས་དེ་བས་ཀྱང་བཀོལ་སྤྱོད་བྱེད་མི་རུང་། རང་ཉིད་ཀྱི་བསམ་སྟངས་འབྲེལ་ཏེ་བཤད་ན། བརྩེ་དུངས་ཀྱི་མཇུག་འབྲས་ལས་གྱོང་གུད་ཡོད་ཚད་ཕར་ཆེར་ན་གཞོན་སློབ་མ་ཚོས་ཁུར་དགོས་པ་འདྲ་ཞིག་རེད། སྤྱི་ཚོགས་ཐོག་སློབ་སྦྱང་ལ་འབྲེལ་མེད་ཀྱི་མི་ཞིག་ཡིན་ཚེ་ཁོས་བརྩེ་དུངས་བཀོལ་སྤྱོད་བྱས་པའི་མཇུག་འབྲས་སུ་མནའ་མའི་ཆེད་དུ་ཕ་མ་བསྐྱུར་བ་ལྟ་བུས་མཚོན་པའི་ཉེས་ཆ་ཅུང་ཟད་རེ་ཡོད་ཆོགས་ཀྱང་། སློབ་སྦྱོང་ལ་འབད་པའི་ང་ཚོ་ལྟར་གྱོང་གུད་ཅིག་ཁོང་ཚོའི་གཉའ་ཐོག་ཏུ་འོང་མི་སྲིད་པ་ལྟ་བུར་སྣང་། སློབ་སྦྱང་ལ་རོལ་བའི་མི་ཞིག་ཡིན་ཕྱིན་ཆད་བརྩེ་དུངས་ཀྱི་ཆེད་དུ་བཟའ་ཟླ་བསྒྲིག་པ་ནས་ད་ལྟའི་མེ་ཚེ་འདི་དབང་བའི་རང་ཉིད་ཀྱིས་སློབ་སྦྱོང་བྱེད་མཚམས་སྟག་སྟག་བཞག་པ་རེད་ཅེས་བཤད་ན་མི་ཆོགས་པ་ཆེས་མེད་པ་ལྟ་བུ་ཞིག་རེད། དེར་བརྟེན་བརྩེ་དུང་བེད་སྤྱོད་བྱེད་རྒྱུ་ནི་འགྲོ་བ་མང་ཆེ་བའི་གོམ་གཤིས་སུ་གྱུར་ཕྱིར། ང་ཙམ་གྱི་སོག་དབྱེབས་ལྡན་པའི་འཛམ་གླིང་འདིར་འབོད་བརྡ་བྱས་ཏེ་བརྩེ་དུངས་བཀོལ་སྤྱོད་བྱེད་རྒྱུ་ནི་མཐའ་གཅིག་ཏུ་དགག་དགོས་ན་ཆེས་དཀའ་མོའི་ནང་གི་དཀའ་མོ་ཞིག་ཡིན་སྲིད་ལ། དྲང་མོ་བཤད་ན་ད་ལྟ་རང་ཉིད་ཀྱང་ངེས་འབྱུང་ཞིག་གིས་བརྩེ་དུངས་ཀྱི་འཇིག་རྟེན་ལས་ཁ་བྲལ་མི་ཐུབ། ཡིན་ཡང་ད་སྐབས་ལྟ་བུ་ལ་མཚོན་ན། རེ་ཞིག་སློབ་སྦྱོང་བྱེད་བཞིན་དགེ་རྒན་བརྟེན་བཞིན་ཡོད་ཀྱང་དེ་ལྟར་རང་ཉིད་རང་ཉིད་ཀྱི་མཛད་འཕྲིན་གཙང་མ་དེ་དང་ཁ་བྲལ་ནས་བརྩེ་དུངས་ཀྱིས་བཟི་བཞིན་རིན་ཐང་མེད་པའི་འཇིག་རྟེན་གཞན་ཞིག་ཏུ་འཚོ་བའི་མི་བུ་དག་གམ་ད་ལྟའི་མི་ཚེ་འདི་དང་ད་ལྟའི་རང་གི་བསམ་སྟེང་གི་བརྩེ་དུངས་ཀྱིས་བསླུས་པའི་རྗེས་མའི་མི་ཚེ་གཉིས་ཕན་ཚུན་གཤིབ་བསྡུར་ཙམ་མེད་པར་གནས་སྐབས་སུ་ཅི་དྲན་གང་ཤར་གྱིས་མི་ཚེ་གཅིག་གི་མདུན་ལམ་ཕུང་པའི་མི་སྣ་དག་ལ་བཤད་པར་དགེ་མཚན་ཆེར་མ་མཐོང་ཡང་། སློབ་སྦྱང་གི་ལྡུམ་རྭ་ནས་ཀ་དང་ཁ་ཞེས་འབོད་ཀྱིན་ལངས་ཚོ་རྒྱས་བཞིན་པའི་ན་གཞོན་རྣམས་ལ་གྲོས་འདེབས་སམ་བརྩེ་དུངས་ཀྱི་མཇུག་འབྲས་བཤམ་སྟོན་གྱི་ཚུལ་དུ་ཕུལ་བས་རིན་ཐང་ཅན་གྱི་འཚོ་བ་དང་རང་གཤིས་བརྩེ་དུང་གི་ཆེད་དུ་མི་བཀླག་པའི་སྨོན་མདུན་ཞུ་བཞིན་གྲྭ་རྐྱང་ཁོ་བོའི་རེ་འབྲས་བསམ་བཞིན་དུ་སྨིན་པའི་སྐྱབས་སྨོན་མཆོག་གསུམ་ལ་ཞུ་ཞུ།།

    གཙང་ཚ་གཤེན་སྨྱུག་པས་རང་ཤག་དབྱངས་ཅན་དགྱེས་པའི་ལྡིང་ཁང་ནས། 

                                                           སྤྱི་ལོ། 2012-3-19 ཉིན།

Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/6/18 15:48:25
སྐུ་མགྲོན་8DTg8J(སྐུ་མགྲོན)དུང་བའི་སེམས་པ་མེད་ན།།
འུ་གཉིས་འཛོམས་ཐབས་མི་འདུག།
རྟོག་སད་གཤེན་སྨྱུག་ཁྱེད་ཀྱི།།
འདི་ལ་སྨོད་པ་མ་གནང་།།

བརྩེ་བ་མི་ལ་མེད་ན།།
བྱམས་པ་འཁོར་གྱི་མི་འདུག།
ཨ་བུ་གཤེན་སྨྱུག་ཁྱེད་ཀྱི།།
འདི་ལ་སྡིག་གཏམ་མ་བཤད།།

དུང་བ་ཞིག་གི་མཐ྄ུན་པའི་།།
བུ་མོ་ངུ་གཉིས་བར་ལ།།
བརྩེ་དུང་མཇུག་འབྲས་གླེང་ནས།།
མི་བཟོད་ནད་གཅིག་སྤྲད་སོང་།
རྩོམ་པ་པོ།:སྐུ་མགྲོན་8DTg8J(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/5/21 18:30:55
སྐུ་མགྲོན་N63Uly(སྐུ་མགྲོན)ཁྱེད་ངོ་མ་བརྩེ་དུང་ལ་ཁྲེལ་ན་ཁྱེད་དུས་ནམ་ཡང་བརྩེ་བ་མེད་པའི་ཁྱི་རྒན་ཞིག་ཡིན་པ་ཐག་ཆོད།གཏམ་སྤེལ་མཁན་ཞིག་ལ།
རྩོམ་པ་པོ།:སྐུ་མགྲོན་N63Uly(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/5/21 13:26:42
སྐུ་མགྲོན་sWNa61(སྐུ་མགྲོན)རང་རང་གིས་བསམ་སྟངས་རེད། ཁྱེད་ཀྱིས་རོལ་ནས་བཞུགས་ཨ།
རྩོམ་པ་པོ།:སྐུ་མགྲོན་sWNa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/5/21 12:36:35
སྐུ་མགྲོན་J51Qiu(སྐུ་མགྲོན)བུ་དང་བུ་མོའི་བར་ན།
བརྩེ་བ་འོ་མའི་མཚོ་རེད།
འོ་མའི་མཚོ་འདི་རོལ་ན།
རོ་བཅུད་མེད་པ་རེད་དམ།
རྩོམ་པ་པོ།:སྐུ་མགྲོན་J51Qiu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/4/13 20:51:35
སྐུ་མགྲོན་JNEq27(སྐུ་མགྲོན)བརྩེ་དུང་ནི་མི་དང་མིའི་བར་གྱི་མཛའ་མཐུན་གྱི་ནུས་པའི་སྒུལ་ཤུགས་ཤིག་དང་གཅིག་གིས་གཅིག་ལ་དགའ་དད་ཀྱི་ངོ་བོ་མཚོན་བྱེད་ཅིག་ཀྱང་ཡིན་པས་འཇིག་རྟེན་འདིའི་བྱ་བ་ཡོད་དོ་ཅོག་ལམ་དུ་མི་འགྲོ་བའི་རྒྱུ་རུ་བགྲང་བ་ཨེ་བདེན་ན་དྲན་ནི་ཡ། གཤེན་སྨྱུག་ཁྱེད་ཉིད་ཀྱིས་གསུང་པའི་བརྕེ་དུང་དེ་ཆགས་པའི་བརྩེ་དུང་གཅིག་པུར་ཞེ་འདོད་བཟུང་ཡོད་ཤས་ཆེ། དེ་འདྲ་ཡིན་ན་འཚམ་པོ་རེད། སྐད་ཆའི་འགྲོས་ལ་བལྟས་ན་ལས་རིགས་མི་གཅིག་པའི་མི་མང་པོ་ཞིག་ཕོ་མོའི་བརྩེ་ལ་མགོ་འཁོར་ནས་བྱ་བ་མང་པོ་ཞིག་འཕྱུག་འགྲོ་ཡི་ཡོད་ཟེར་བ་དེ་མིན་འགྲོ། བསླབ་བྱ་ཡག་པོ་བཏང་གནང་བཞག ཡག་པོ་འདུག
རྩོམ་པ་པོ།:སྐུ་མགྲོན་JNEq27(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/3/29 14:09:07
སྐུ་མགྲོན་r74Yq1(སྐུ་མགྲོན)བརྩེ་དུང་གི་མཇུག་འབྲས་འདི་འདྲ་མཐོང་ཡོད་ན། ཁྱེད་རང་མི་ཚེ་དོན་ཡོད་འགྱུར་བའི་རྟགས་རེད།
རྩོམ་པ་པོ།:སྐུ་མགྲོན་r74Yq1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུངས་ཀྱི་མཇུག་འབྲས། | 2012/3/29 14:06:54
སྐུ་མགྲོན་r74Yq1(སྐུ་མགྲོན)

བརྩེ་དུང་སྙིང་གི་ནོར་བུ།།
རོལ་འདོད་སེམས་ཀྱི་གཤིས་ཀ།།
ནམ་ཡང་འདོར་བ་མེད་ཀྱང་།།
འདི་ལྟའི་མཇུག་འབྲས་ཡོད་ཚད།།
བལྟ་བ་མིག་ལ་མངོན་དུས།།
བརྩེ་དུང་བསམ་བཞིན་དགའ་ཞིང།།
མཇུག་འབྲས་བསམ་བཞིན་སྡུག་སོང་།།
དགའ་སྡུག་སེམས་ཀྱི་སྣང་བ།།
དུས་ཐོག་གཅིག་ལ་བསྟེར་བས།།
ངེས་འབྱུང་གསེར་གྱི་ཀུན་དྷ།།
ཡ་ཆུང་ཁོག་ནས་བཞད་སོང་།།
བཀའ་དྲྲིན་གྱི་དྲིན་ལན།།
གཤེན་སྨྱུག་ཁྱེད་ལ་མཇལ་འདོད།།
ཧ་ཧ་གུས་པ་བོད་ལྗོངས་སློབ་ཆེན་པ་ཚེ་དབང་བསམ་གཏན་ནས།
རྩོམ་པ་པོ།:སྐུ་མགྲོན་r74Yq1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.