ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13725


 
རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/10 10:27:00 | By: ཁྱུང་བཟང་། ]
 

གསུམ། སྒྲིག་ལམ་གྱི་ཚད་གཞིར་ཁྱིམ་བདག་རང་ཉིད་འཇོག་མི་འོས།

ང་ཚོ་རོང་འབྲོག་གཞི་རིམ་ས་ཁུལ་གྱི་ཕ་མ་མང་བོ་ཞིག་ལ་མཚོན་ན་རང་གི་བྱིས་པར་དམིགས་བསལ་གྱི་སྒྲིག་ལམ་གང་ཡང་མེད་ལ། གྲོང་ཁྱེར་དང་གྲོང་བརྡལ་གྱི་ཁྱིམ་བདག་གང་མང་ཞིག་ལ་མཚོན་ན་བྱིས་པར་ཆེད་བཀོད་ཀྱི་སྒྲིག་ལམ་སྣ་ཚོགས་ཤིག་ཡོད་པ་རེད།  སྤྱིར་སྒྲིག་ལམ་གང་ཡང་མེད་པ་དེས་ཁ་ཕྱོགས་གང་ཡང་མེད་པ་མཚོན་ཞིང་།  སྒྲིག་ལམ་གྱི་རྣམ་པ་སྣ་ཚོགས་པ་དེས་བྱིས་པ་གཅེས་སྐྱོང་ལ་ཁ་ཕྱོགས་དང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་མཚོན་པ་རེད།  ཡིན་ནའང་སྒྲིག་ལམ་ཡོད་པའི་ཁྱིམ་ཚང་གི་ཕ་མ་མང་བོས་སྒྲིག་ལམ་གྱི་གཞི་འཛུགས་དུས་ཕ་མ་རང་ཉིད་གཙོ་གཞི་བྱས་ཏེ། རང་གི་འཚོ་བའི་ཉམས་མྱོང་དང་ལྟ་ཚུལ།  འདོད་མོས་སོགས་ལ་མཐའ་གཅིག་ཏུ་བསྟུན་པ་ལས་བྱིས་པའི་ལོ་ཚོད་དང་། འཚར་ལོངས་ཀྱི་གོ་རིམ།  ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད།  བྱིས་པའི་དམིགས་བསལ་ཁྱད་ཆོས་སོགས་ལ་མཉམ་འཇོག་དང་དབྱེ་ཞིབ་གང་ཡང་བྱས་མེད་པ་རེད།  དོན་ངོ་མ་བཤད་ན་སྒྲིག་ལམ་བཅའ་མཁན་ཕ་མ་ཁྱོད་ཉིད་ཡིན་པ་བདེན་ཡང་སྲུང་མཁན་བྱིས་པ་ཁོ་རང་ཡིན་པས།  བྱིས་པ་ཡིས་དེ་སྲུང་ཐུབ་མིན་དང་དེ་སྲུང་ན་བྱིས་པ་ཁོ་རང་ལ་ཕན་ཁེ་ཡོད་མེད་སོགས་ལ་མ་མཐའ་ཡང་འདང་རྒྱག་དགོས་པ་རེད། ཡང་གཅིག་བཤད་ན་ཕ་མ་གཉིས་ནི་འདས་ཟིན་པའི་དུས་རབས་ཀྱི་ཐོན་དངོས་ཡིན་ལ། བྱིས་པ་ནི་ད་ལྟའི་དུས་རབས་ཀྱི་ཐོན་དངོས་ཡིན་པས།  ཕ་མ་དང་བྱིས་པའི་འཚོ་གནས་ཁོར་ཡུག་དང་རིག་གནས་སྣང་ཚུལ་མི་འདྲ་ལ།  སྤྱི་ཚོགས་ངོ་བོ་དང་འགྲན་རྩོད་གནས་བབ་མི་འདྲ།  ཁ་གཏོད་སའི་གནད་དོན་ཡང་དེ་བཞིན་དུ་མི་འདྲ་བ་རེད། དེས་ཕ་མ་རང་གི་ཉམས་མྱོང་དང་ལྟ་ཚུལ། ཡང་ན་དེ་ཁོ་ན་ལས་བྱུང་བའི་སྒྲིག་ལམ་གྱི་གཅུན་འབྲས་དེས་བྱིས་པ་དང་བྱིས་པ་དེས་ཅིས་ཀྱང་ཁ་གཏོད་དགོས་པའི་འཕེལ་རྒྱས་འགྲན་རྩོད་གྱི་སྤྱི་ཚོགས་ལས་རིགས་ཁྲོད་ནུས་པ་གང་ཡང་མི་ཐོན་པའམ། ཡང་ན་ལྡོག་ཕྱོགས་ཀྱི་ནུས་པ་འབྱུང་མི་སྲིད་པའི་ངེས་པ་ག་ལ་ཡོད།

      ད་དུང་ཁྱིམ་བདག་མང་ཆེ་བ་ཞིག་གིས་བྱིས་པར་སློབ་གསོ་གཏོང་དུས་ང་ཚོའི་དུས་འདི་དང་འདི་འདྲ་ཡིན་ཚུལ་དང་། ཡང་ན་ང་ཚོ་ཁྱོད་ཚོའི་ལོ་ཐོག་ན་ཡོད་དུས་དེ་དང་དེ་འདྲ་བྱས་ཚུལ་སོགས་འདས་ཟིན་པའི་ནང་དོན་དཔེར་དྲངས་ནས་བརྗོད་པར་དགའ་བ་རེད།  ཡིན་ནའང་བྱིས་པ་དག་ལ་མཚོན་ན་དེ་ནི་ཆེས་སུན་སྣང་སྐྱེ་བའི་སློབ་གསོ་གཏོང་ཐབས་ཤིག་ཏུ་ཟད་ལ།  རང་ཉིད་དང་འབྲེལ་བ་གང་ཡང་མེད་པར་སྙམ་པ་རེད། རྒྱུ་མཚན་ནི་སློབ་གསོ་དེའི་རིགས་ཀྱིས་སློབ་གསོའི་བརྗོད་སྙིང་ལ་ཁྱིམ་བདག་རང་ངམ་རང་ཉིད་ཀྱི་འདས་དོན་བཞག་པ་ལས། བྱིས་པ་དང་བྱིས་པའི་མིག་མཐོང་ལག་ཟིན་གྱི་དོན་དངོས་བཞག་མེད་ལ།  བྱིས་པའི་མ་འོངས་བ་དང་བྱིས་པའི་དམིགས་བསལ་ཁྱད་ཆོས་ཀྱང་བཞག་མེད་པ་རེད།

དེའི་ཕྱིར་མི་ཞིག་གིས་རང་གི་བྱིས་པ་འཇོན་ཐང་ཅན་ཞིག་ཏུ་བསྒྱུར་འདོད་ན། ཁྱིམ་གཞི་སློབ་གསོའི་ཁོངས་གཏོགས་སུ་གྱུར་བའི་བྱིས་པའི་ཆེད་བཀོད་སྒྲིག་ལམ་དེ་ཡང་བྱིས་པར་རྐང་འཛུགས་པ་དང་བྱིས་པ་གཙོ་གནད་དུ་འཇོག་པ་ལས་ཁྱིམ་བདག་གི་ཞེན་འདོད་ཁོ་ན་གཙོ་བོར་འཇོག་མི་རུང་ངོ་།།

 

 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/12 19:39:14 | By: སྐུ་མགྲོན་0GVi0M(སྐུ་མགྲོན) ]
 
སྐུ་མགྲོན་0GVi0M(སྐུ་མགྲོན)དགེ་རྒན་འགའ་ཞིག་གིས་འདི་ལྟར་ཟེར། "སྤྱིར་སློབ་ཁྲིད་ཡག་ཤོས་ཟེར་བ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད། རབ་བྱུང་ན་སློབ་མའི་ཁམས་དང་བསྟུན་ནས་སློབ་ཐུབ་ན་ཡག་ཤོས་རེད།" ཟེར། ཡང་དགེ་རྒན་འགའ་ཤས་ཀྱིས་འདི་ལྟར་ཟེར། སློབ་ཕྲུག་རྣམས་ཀྱིས་དབྱིན་སྐད་དུ། "Learning for life, not for marks"(སློབ་སྦྱོང་ནི་མི་ཚེའི་ཆེད་དུ་ཡིན་པ་ལས་ཡིག་ཚད་ཀྱི་ཆེད་དུ་མིན)ཟེར་བ་དེ་ངེས་པར་དུ་ཤེས་སུ་བཅུག་དགོས་འདུག་ཟེར།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/11 19:07:08 | By: qongsang ]
 
qongsangཁྱེད་ཉིད་ཡང་ཡང་ཕེབས་པར་དགའ་བསུ་ཞུ། ཁྱུང་བཟང་གིས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/10 20:57:32 | By: སྐུ་མགྲོན་816Fw3(སྐུ་མགྲོན) ]
 
སྐུ་མགྲོན་816Fw3(སྐུ་མགྲོན)སྐུ་ཞབས་ཁྱུང་བཟང་ལགས་ལ་དངོས་ནས་བཀའ་དྲིན་ཆེ་ཞུ།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.