ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྐད་ཅིག་མའི་གླུ།
[ 2013/3/14 15:55:00 | By: ཁྱུང་བཟང་། ]
 

སྐད་ཅིག་མའི་གླུ།


མི་ཚེའི་ལམ་བུ་གྱ་གྱུ་མ་དེ།།

རྡོག་པའི་སྣེ་ན་རྒྱང་དུ་བསྲིངས་འདུག།

སྲེད་པས་བཀྱགས་པའི་མགོ་བོ་མཐོན་པོ།།

ངལ་བའི་ལྗིད་ཀྱིས་འདོམ་ལ་བྱིངས་སོང་།།

 

གློ་བུར་ཁྱེད་ཀྱི་འཛུམ་ཆུང་ཕྲ་མོ།།

ཆར་རྗེས་འཇའ་ཡི་འོད་དང་འགྲོགས་ནས།།

བདག་སེམས་སྒྱུ་མའི་མཁར་ལ་ཟུག་པས།།

རེ་བའི་མགོ་བོ་བགས་ཀྱིས་དགྱེས་ཡོད།།

 

འདི་ནས་ཚེར་མའི་འདམ་ལ་ཟུག་ཀྱང་།།

དེ་ནས་ཆར་བའི་རྡོ་ལ་ཐོགས་ཀྱང་།།

ཁྱེད་ཀྱི་མེ་ཏོག་སེམས་སུ་བཞད་པས།།

ང་རང་དགུན་གསུམ་རླུང་བུས་མི་ཐུབ།།

 

ཁྱོད་ནི་ང་དང་ང་ནི་ཁྱོད་ཀྱི།།

འཛུམ་ཀྱིས་ཕྱེས་པའི་མིག་ཟུང་དེ་ཡིན།།

སྒྱུ་མའི་སྣང་བ་ལང་ལོང་གཡོ་བའི།།

རླབས་ཀྱི་རྩེ་ནས་རྒྱང་ལ་བལྟ་འོ།།

 

རྟག་བརྟན་ཁྱིམ་གཞི་གར་ཡང་མེད་མོད།།

མཐུན་པ་ལས་ཀྱི་རི་མོ་ཕྲིས་ཚེ།།

མུ་མེད་ཐང་ཆེན་བརྡལ་བའི་ཀློང་ན།།

གནམ་སྔོན་གུར་སྒོ་ངེད་ལ་བརྒྱངས་ཡོད།།


ཡོད་ཅེས་མགོ་བོ་དགྱེ་དགྱེ་མི་དགོས།།

མེད་ཅེས་རྐང་ཆུང་བྲེལ་བས་མི་ཡོང་།།

ཡོད་མེད་ཡིན་མིན་རྒྱ་མཚོའི་དབུས་ནས།།

ང་ཡི་གཤོག་པ་ཁྱེད་ལ་རྐྱོང་ངོ་།།

 

ནམ་ཞིག་རྒ་བས་ཐོད་ནས་བཟུང་སྟེ།།

འཆི་བའི་ལམ་ལ་སྤར་མོས་འདྲུད་ཀྱང་།།

འཛུམ་པའི་བདག་མོ་ཁྱེད་རང་རྙེད་པས།།

བར་དོའི་འཕྲང་ལམ་དགའ་བས་བརྟོལ་ཆོག།

 

ཁྱོད་ནི་ང་ཡི་གཅེས་པའི་ནོར་བུ།།

ནོར་བུའི་མདུད་པ་སྙིང་ལ་ཐེབས་ཡོད།།

ཚེ་རབས་ཀུན་ཏུ་མཉམ་པོར་འགྲོགས་པའི།།

སྨོན་པ་རང་གི་སེམས་ལ་བཏང་ཡོད།།

 ༢༠༡༣    ༩ ཉིན་རོང་བོ་ནས། 

 

 

 
 
Re:སྐད་ཅིག་མའི་གླུ།
[ 2015/3/12 21:25:28 | By: ས(སྐུ་མགྲོན) ]
 
ས(སྐུ་མགྲོན)ཡང་སྙིང་གསོན་པོ་ཞིག་གཟིམ་འདུག
 
 
Re:སྐད་ཅིག་མའི་གླུ།
[ 2015/3/12 21:21:28 | By: ས(སྐུ་མགྲོན) ]
 
ས(སྐུ་མགྲོན)
 
 
Re:སྐད་ཅིག་མའི་གླུ།
[ 2013/4/3 20:47:54 | By: སྐུ་མགྲོན་w06Evi(སྐུ་མགྲོན) ]
 
སྐུ་མགྲོན་w06Evi(སྐུ་མགྲོན)?????????????????????????????
 
 
Re:སྐད་ཅིག་མའི་གླུ།
[ 2013/3/14 20:31:02 | By: སྐུ་མགྲོན་1IXk05(སྐུ་མགྲོན) ]
 
སྐུ་མགྲོན་1IXk05(སྐུ་མགྲོན)ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.