ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13461


 
འགྱུར་ལྡོག
[ 2018/9/14 10:24:00 | By: ཁྱུང་བཟང་། ]
 
         འགྱུར་ལྡོག

ནམ་མཁའི་ངོ་ལ་སྤྲིན་གྱི་གཉེར་རིས་བབས།།
སྤྲིན་པའི་མིག་ལ་ཆར་གྱི་བརླན་བག་འཁོར།།
ཉིན་བྱེད་ཚང་དུ་ཡིབ་པའི་སྨག་རིམ་ལ།།
སྲིན་བྱ་སྙན་པར་དགོད་པའི་སྒྱུ་མ་འཚུབ།།

རི་ཡི་སྐྲ་ལོ་དུས་ཀྱི་རླུང་གིས་ཟད།།
ནགས་མའི་ལང་ཚོ་སྟོན་གྱི་ནམ་ཟླས་བཅོམས།།
ལྷུང་ལྷུང་ཆུ་བོའི་སྙིང་གི་མེ་ལོང་ཡང་།།
སྙིགས་མའི་ཚོན་གྱི་གསེབ་ན་མོག་པོར་སྣང་།།

གོར་མ་འདམ་གྱིས་སྦགས་པའི་ལྕགས་རྙི་ལ།།
སེམས་ཅན་གཤོག་པ་འཚུད་པའི་མྱ་ངན་འཁོར།།
རླངས་པ་ཐོལ་གྱིས་འཕྱུར་པའི་རླབས་ཕྲེང་དག།
འཕྲུལ་ཆས་གདོང་ཐུག་རྒྱག་པའི་ཆོམ་སྒྲས་གཞིལ།།

དར་སྣེ་ཆར་གྱིས་སྦངས་པའི་ལྕི་ཉམས་ལ།།
ཡིག་དྲུག་རྐང་པས་བརྫི་བའི་ལྟས་ངན་འཚང་།།
ཁ་བཏགས་ཆང་ལ་བསྒྲེས་པའི་འཛུམ་ཆུང་གིས།།
སྲོལ་གྱི་མགོ་མཇུག་ལྡོག་པའི་ཆོ་འཕྲུལ་སྟོན།།

གནག་ཕྱུགས་དབུགས་རྒྱུན་ཆད་པའི་ལྷིང་འཇགས་ཀྱིས།།
ཡངས་པའི་ཐང་ལ་སྲོད་ཀྱི་གྲིབ་སོ་བཀུག།
མར་མེའི་འོད་སྣང་ཡལ་བའི་རྐང་རྗེས་ལས།།
ཅེ་སྤྱང་ངུ་ཟུག་རྒོད་པའི་ལོ་ཟླ་འཁྲུངས།།

སེར་བས་མགོ་ཆག་བཟོས་པའི་སྙེ་མ་ལས།།
སེན་རྟིང་རྣག་གིས་ཟིན་པའི་རྔུལ་ཆུ་འཐོར།།
སིལ་སྙིང་འབུ་ཡིས་ཟོས་པའི་ཕྱི་ཤུན་ལ།།
གཡང་གི་མཚོ་མོ་ནུབ་པའི་གཏམ་རྒྱུད་བབས།།

ཁང་བརྩེགས་མགོ་བོ་གཟེངས་པའི་སྐྲ་ལོ་ཡིས།།
འ་འུར་འདུ་ལོང་འཁྲིགས་པའི་རོལ་གར་འཁྲབ།།
ལྷིང་འཇགས་ཟླ་བ་ནུབ་པའི་འགྲམ་ངོགས་སུ།།
བརྒྱད་ཅུ་རྒན་པོས་ཡངས་པའི་རྩྭ་ཐང་སྒོམ།།

གློག་གི་སྒྱུ་འཕྲུལ་འོད་དུ་འཚུབ་པ་ཡིས།།
བྱིས་པའི་རྩེད་འཇོ་དྲ་བའི་ཀློང་དུ་བཟླུམས།།
དབང་ཤེས་ཟླ་བ་ནུབ་པའི་མིག་ཟུང་དག།
ཏུའུ་གྲངས་ལྔ་བརྒྱའི་འོག་ན་རིག་རིག་འགུལ།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.