ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གླུ་ཚིག་ཁག་གཉིས།
[ 2013/3/14 15:48:00 | By: ཁྱུང་བཟང་། ]
 

ངའི་སེམས་ཀྱི་ཕ་ལོ་མ་ལོ།

 

ཕ་ལོ་ནོར་བཟང་མིན་ཡང་།།

གཅེས་པ་ནོར་བུ་འདྲ་ཡོད།།

ནོར་བུའི་བྱིན་རླབས་ཁྲོད་ན།།

ང་ཡིས་གོམ་ཞེང་བསྐྱེད་ཡོད།།

 

ཨ་ཕ   ངའི་ལྷ་ཆེན་ཚངས་པ་དཀར་པོ།

ང་ཡི་འཇིག་རྟེན་ཆུང་ཆུང་གསར་དུ་བསྐྲུན་ནས།

བླ་རྡོ་སྔོན་མོ་ང་རེའི་སྐེ་ལ་བཏགས་ཡོད།

 

མ་ལོ་ལྷ་མོ་མིན་ཡང་།།

བྱམས་པ་ལྷ་མོ་འདྲ་ཡོད།།

ལྷ་མོའི་འཛུམ་ཆུང་ནང་ན།།

ང་ཡིས་མིག་ཟུང་ཕྱེས་ཡོད།།

 

ཨ་མ    ངའི་རྗེ་བཙུན་སྒྲོལ་མ་དཀར་མོ།

ང་ཡི་འཇིགས་པ་མེད་པའི་ལམ་བུ་བཤངས་ནས།

ཕྱྭ་མཚོ་ཕྱུག་མོ་ང་རེའི་སྙིང་ལ་བསྐྱིལ་ཡོད།

 

 དགེ་རྒན་བཟང་བོ།

སློབ་མ་གང་ཡོད་གཅེས་པའི་བུ་རུ་བརྩིས་ནས།

བུ་ལ་བཟང་ངན་མ་ཕྱེས་བཟང་གི་ལམ་སྣ་བསྟན་ཡོད།

དགེ་རྒན   ང་ཡི་ཉི་མ།

ཉི་མའི་འོད་ཟེར་སེམས་ཀྱི་མཁའ་ལ་འཕྲོས་ཡོད།

མུན་པའི་མནར་གཅོད་མེད་པ་རྒན་གྱི་བཀའ་དྲིན་ལགས་སོ།

 

ཤེས་བྱ་གང་ཡོད་མི་ཚེའི་ནོར་དུ་བསམས་ནས།

ནོར་ལ་མང་ཉུང་མ་ཕྱེས་མང་གི་རྨང་གཞི་བཏིངས་ཡོད།

དགེ་རྒན    ང་ཡི་སེམས་ཀྱི་ནོར་བུ།

ནོར་བུའི་བྱིན་རླབས་སེམས་ཀྱི་མཛོད་ལ་ཞུགས་ཡོད།

རིག་པས་ཕོངས་པ་མེད་པ་རྒན་གྱི་བཀའ་དྲིན་ལགས་སོ།

         

                          ༢༠༡༣      ༥ ཉིན་རོང་བོ་ནས།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.