སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཡང་སྙིང་བོད་བཙན་པོའི་རྒྱལ་རབས་ཉམས་སུ་འཇུག་མཁན་དེ་སུ་རེད།
[ 2017/4/22 18:23:00 | By: ཁ་བ་རྐང་གླིང་། ]
 

        ཡང་སྙིང་བོད་བཙན་པོའི་རྒྱལ་རབས་ཉམས་སུ་འཇུག་མཁན་དེ་སུ་རེད།

      

    ང་ཚོ་ནི་རང་གི་མི་རིགས་ལ་དུངས་ཞེན་ཤིན་ཏུ་ནས་ཆེ་བའི་མི་རབས་ཤིག་རེད།  

འོན་ཀྱང་ང་ཚོས་ལོ་རྒྱུས་ཀྱི་རྐང་རྗེས་དེད་ན། རྒྱ་ཆེའི་ཆབ་འབངས་ལ་ཡི་གེ་སློབ་འི་གོ་སྐབས་མེད་པར། མཐོ་རིམ་གྱི་སྐུ་དྲག་དང་གྲྭ་བཙུན་རྣམས་་ཡོད་པས་འུ་

ཚོའིལོ་རྒྱུས་ཀྱི་བཟོས་པའི་རྨ་ཁ་དག་སུ་ཞིག་གིས་བཟོས་པའི་ཐད་ལ་ད་དུང་ཡང་

ཕྱོགས་ཞེན་གྱི་སླད་དེ་ལུས་ཡོད། དེ་ཡང་དཔེར་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་

བཙན་པོའམ་ཡང་ན། ལྷ་གཅིག་བདག་ཉིད་བརྟན་པོའི་སྐབས་སུ་བྱོན་པོའི་མི་

ཤེས་རབ་བཅུ་གཉིས་དེ་ལུག་རྗི་ཡིན་ཟེར་བའམ་སྡེ་དཔོན་ཡིན་ཟེར་བ་ལས།

 དེ་དག་ནི་བོན་གྱི་ཤེས་པ་ཅན་ཡིན་པ་གཏན་ཁས་ལེན་པར་མི་སྤྲོ། དེ་

ཡང་ཡིན་ཏེ་ང་ཚོའི་ཆོས་འབྱུང་དང་དེབ་ཐེར་སྐད་དུ་ཆོད་པ་འདི་དག་

རྩོམ་འབྲི་བྱེད་མཁན་ནི་སངས་རྒྱས་བསྟན་པའི་རྒྱུད་འཛིན་པ་ཏག་ཏག་

ཡིན་པ་འདྲ། ཁོང་རྣམ་པ་ཚོའི་ཕྱོགས་ཞེན་ལས་ཐོན་པའི་ཡིག་ཚང་དེ་དག་

ག་ལེ་ག་ལེར་བོད་ཀྱི་ཆབ་འབངས་རྣམས་ཀྱི་ཤ་གསེང་རུས་གསེང་ལ་ཟུག་

སྟེ། མཐར་བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མའམ་གླང་དར་མའི་དབུ་ལ་ཡང་

རྭ་ཅོ་བཙུགས་པ་མི་ནམ། དེས་ན་གུས་པས་གཤམ་དུ་བོད་བཙན་པོའི་

རྒྱལ་རབས་བརླགས་མཁན་དེ་ལྷ་སྲས་དར་མ་ཡིན་ནམ་ཡང་ན།    སངས་རྒྱས་བསྟན་

པའི་རྒྱུད་འཛིན་ཡིན་པ་གང་ཞིག   དེ་སྔོན་དམག་དཔོན་ཆེན་མོ་ཡིན་པའི་ལྷ་ལུང་

དཔལ་རྡོར་གྱི་བྱས་ཀྱིས་ང་ཚོ་ཕྲེང་རྡོག་རྒྱ་དང་བརྒྱད་པོ་ས་ལ་རུ་འཐོར་བ་བཞིན་

གང་སར་འཐོར་བ་ཡིན་པའི་སྐོར་ལ་བསམ་ཚུལ་ཙམ་ཞིག་ཞུ་རྒྱུ་ཡིན།།

          དེ་ཡང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་དར་བ་

དང་དེ་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དར་རྒྱས་ཆེན་པོ་བྱུང་བ་མ་ཟད།

བསམ་ཡས་དགོན་དུ་སྒྲ་བསྒྱུར་གླིང་བཙུགས་ནས་ནང་ཆོས་མང་པོ་ཞིག་

བོད་ཀྱི་སྐད་དུ་བསྒྱུར་བ་དང་ལོ་རྒྱུས་མཁས་པ་འགའ་རེས་ད་དུང་དེ་

སྐབས་སུ་བན་བོན་གཉིས་བསམ་ཡསགཙུག་ལག་ཁང་དུ་དཔྱད་གླེང་

ཤུགས་ཆེན་ཞིག་བྱས་པ་ནས་བོན་པོ་རྣམས་ཕམ་ནས་མཐར་མཚོ་སྔོན་ནམ་མདོ་

སྨད་ཕྱོགས་སུ་བྲོས་ནས་བོན་ཆོས་ལྐོག་ཏུ་སྤེལ་བ་ཞིང་།  གནས་ཚུལ་དེའི་འོག་ཏུ་

བོན་པོའི་དཔེ་ཆ་མང་པོ་ཞིག་གཏོར་བརླགས་ཐེབས་པ་མ་ཟད།   འགའ་ཞིག་གཏེར་དུ་སྦས་བཞིན ད་དུང་ཆོས་ལུགས་དེ་རྒྱལ་ཁྲིམས་ཀྱི་བཀག་པར་གསུངས་

འདུག

 

       རྒྱལ་པོ་ཁྲི་རལ་ནམ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་སྔར་ལས་ལྷག་པའི་

སྒོ་ནས་ནང་པའི་གྲྭ་པའི་རྣམས་ལ་རྒྱལ་པོའི་བང་མཛོད་ནས་འཚོ་བའི་

བདག་རྐྱེན་སྦྱར་བ་མ་ཟད། གྲྭ་པ་རྣམས་ལ་བྲན་གཡོག་དང་ས་ཞིང་

སོགས་ཀྱང་སྤྲད་པས་སྐབས་དེའི་བོན་ཆོས་ལ་དད་ཞེན་ཆེ་བའི་བློན་པོ་

དང་རྒྱལ་པོའི་སྐུ་གཤེན་སོགས་ཡིད་མ་རངས་པར་སྤྱི་ལོ་836ལོར་སྐུ་

བཀྲོངས་པ་དང་དེ་ནས་ལྷ་སྲས་དར་མས་བོད་བཙན་པོའི་སྐབས་ཀྱི་ཁྲིམས

དབང་འཛིན་ཅིང་ཁོང་གི་བཀའ་ཁྲིམས་འདི་ལྟར་བཅད་འདུག་སྟེ་པའི་སྐོར་

ལ་༼བོད་རིག་པའི་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་ལགས་ཀྱི་གསུང་

རྩོམ་མདའ་དང་འཕང་གི་ནང་དུ་འདི་ལྟར་འཁོད་འདུག་སྟེ། ནང་པའི་ཆོས་པ་

ཚོའི་མཆོད་གཞིས་རྒྱལ་པོས་ཚུར་བསྡུས་པ་དང་གྲྭ་པ་འགའ་ཞིག་ཁྱིམ་ལ་ཕབས་

པ་ལས་གཙུག་ལག་ཁང་སོགས་གཏོར་བ་དང་རྔོན་པ་བྱེད་པར་གཏང་བ་སོགས་ཀྱི་

ཡིག་རྙིང་ཅིས་ཀྱང་མེད་པར་མ་ཟད། དེ་ལས་ལྷ་སྲས་དར་མ་ནས་འོད་སྲུང་བར་

བསྟན་ཤིན་ཏུ་དར་རོ་ཞེས་གསུང་འདུག །

 

        ནང་པའི་གྲྭ་བཙུན་ཚོའི་མཆོད་གཞིས་ཕྲོག་རྗེས་ཁོ་ཚོ་ཡང་སེམས་

པ་བདེ་ལ་མ་འཁོད་པ མི་མང་པོ་ཞིག་གིས་པོང་བཁྲོད་འདོད་སྐྱེས་ཀྱང་

དེ་ཙང་མ་ནུས་པ་རེད་འདྲ།  ལྷ་ལུང་དཔལ་རྡོར་ནི་ཚབ་བྱེད་མི་སྣ་ཙམ་

རེད་ལ།    གོ་གནས་ཆེན་པོ་ལྡན་པའི་བསམ་ཡ་ཀྱི་མཁན་

རབས་དགུ་པ་ཡིན་ལས་ལོ་རྒྱུས་དེབ་ཐེར་འགའ་རེའི་ནང་དུ་འཁོད་པའི་

གྲུབ་ཐོབ་སོགས་ནི་མ་ཡིན་པ་འདྲ་ཏེ།  བསམ་ཡས་ཀྱི་མཁན་རབས་ལོ་

རྒྱུས་ཀྱི་ནས་ཁོང་ནི་མཁན་རབས་དགུ་པ་ཡིན་པ་ར་སྤྲོད་པས་ཀྱང་ཤེས།

ལྷ་ལུང་དཔལ་རྡོར་གྱི་ཐབས་སྣ་ཚོགས་པའི་ལྐོག་གཡོ་ལ་བརྟེན་ནས་བོད་

ཀྱི་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་པ་དང་། དེ་ནི་རང་ཉིད་ཀྱི་དགྲ་ཤ་

ཞིག་ལེན་ཐུབ་པར་ལྟར་དངངས་སྐྲག་དང་བཅས་བྲོས་རྒྱུའི་ཐབས་ཤེས་པ་

ལས། དེའི་རྗེས་སུ་མནོ་བསམ་ཕྲན་ཚང་ཡང་མ་གཏང་བའི་ལན་བུས།

རྒྱལ་པོར་སྐུ་མ་གཤེགས་གོང་ནས་གནམ་ལྡེ་འོད་སྲུང་སྐྲུ་འཁྲུངས་མེད་པས།

སྐབས་དེའི་བློན་ཆེན་འབྲ་དང་དབའ་གཉིས་ལྷ་སྲས་དར་མའི་བཙུན་མོ་ཚེ་

སྤོང་བཟའ་ལ་གནམ་ལྡེ་འོད་སྲུང་འཁྲུངས་པ་དེ་ནི་བཙན་པོའི་རྒྱལ་རྒྱུད་

པ་ཡིན་མིན་པ་ལ་འཁྲུག་པ་སྟེ། དབའ་ཡི་ཕྱོགས་ནས་ཁོང་ནི་བོད་བཙན་

པོའི་རྒྱུད་པ་མིན་པའི་འདོད་ཅིང་། འགལ་བར་ཤུགས་ཆེར་ཕྱིན་པ་དང་

དབའ་ཡི་རང་གི་ལས་མཁན་མཐའ་མཚམས་སྲུང་རྒྱུ་དེ་སྐྱུར་ཏེ་དབུས་སུ་

ཡོངས་ནས་རུས་རྒྱུད་ཆེན་པོ་དེ་གཉིས་འཐབ་པ་དང་མཐའ་ན་རང་རང་གི་དར་

ལ་བསྒྲེངས་པ་དང་དབའ་ཡི་རང་ཉིད་རྒྱལ་པོ་ཡིན་པའི་ཁྱབ་བསྒྲགས་ཀྱང་བྱས་

པའི་རྒྱུས་ཀྱང་ཡོད་པར་བཤད།   དེ་ལྟར་ནང་འཁྲུག་གི་ཁྲོད་ནས་མཐའ་མཚམས་

ཤོར་བ་དང་དབའ་རང་ཡང་དམག་ཐོག་ཏུ་གྲོང་བ་མ་ཟད་དེ་ནི་བོད་བཙན་པོའི་

དམག་སྤྱི་དམག་ཐོག་ནས་སྐུ་གཤེགས་པ་མཐའ་མ་དེའང་རེད། །

       དེ་ལྟར་བོད་བཙན་པོའི་རྒྱལ་རབས་དེ་ཉམས་ནས། རྒྱལ་ཕྲན་མང་

པོར་གྱུར་བ་དང་ལྷ་སྲས་འོད་སྲུང་ཁོང་རང་ཡང་881ལོར་སྐུ་གྲོང་ཏེ།

འདས་མཆོད་རྒྱལ་རྩེ་ན་ཡོད་པའི་རང་གི་སྲས་དཔལ་འཁོར་བཙན་གྱི་

གཙང་གི་གྲོམ་པ་ལྷ་རྩེ་རྗོང་དུ་བྱས༼དེང་སང་གི་ལྷ་རྩེ་རྫོང་ཆོས་མ་ཤང་

ན་ཡོད་པའི་བང་སོ་དེ་ཡིན༽ བློ་ཕམ་སྐྱེ་དགོས་པ་ཞིག་ལ་ལྷ་ལུང་

དཔལ་རྡོར་ལ་སྲིད་དབང་གི་ཐག་གཅོད་ནུས་པ་མེད་པར་ཆ་གཞག་ན།

ཁོ་ལ་ཡང་ང་ཚོས་བསམ་ཤེས་བྱེད་དགོས་པ་རེད། འོན་ཀྱང་ཆབ་སྲིད་ཀྱི་

གོ་གནས་ཨང་གཉིས་པ་གསུམ་པ་འཛིན་པའི་བློན་ཆེན་གཉིས་པོ་ང་ཚོས་

ཇི་ལྟར་བསམ་ཤེས་བྱེད་དམ། དེ་བས་དབའ་ཡི་རུས་རྒྱུད་ལ་ནམ་ཡང་

བསམ་ཤེས་བྱེད་ཐབས་བྲལ།།

 

      བོན་གྱི་རིག་གནས་དོ་ཁུར་བྱེད་བཞིན་པའི་ལས་དང་པོ་བ་བསེ་ཁྱུང་ཚེ་རིང་

ནས་ཤར་མར་བྲིས་པཞིག་ཡིན་པས་ནོར་བ་དག་ལ་བཀའ་སློབ་ཡོད་པར་བཞུ་རྒྱུ་

དང་གྲུབ་མཐའ་སྐྱེས་བུ་གཞན་ལ་གནོད་པར་བྱས་ན་དགོངས་པ་དྭངས་བར་ཞུ་རྒྱུ་

ཡིན།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.