སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 15996


 
རྨུ་ཐག་ཆད་པ།༼སྙན་ངག༽
[ 2017/8/1 20:54:00 | By: ཁ་བ་རྐང་གླིང་། ]
 

  རྨུ་ཐག་ཆད་པ།།

 

སེམས་པ་འདིས་ཟླ་འོད་ལྟ་བུའི་དམིགས་པ་ཞིག་གཏད་ནས།

ང་       ཁྱེད་ཕྱོགས་སུ་ཡོང་ཡོད།

རེ་བ་རུམ་གང་ཁྱེར་ནས་ཡོང་ཡོད།

 

སྐུད་པ་གཅིག་ལ་རྒྱུད་བཞིན་པའི་མུ་ཏིག

འདི་ནས་སྤུ་གྲི་རྣོན་པོས་བཅད་པའི་ཐག་པ་བཞིན་ཆད་སོང་།

མི་རིགས་ཞིག་ལས་དབང་ཆད་སོང་།

 

                     བང་སོ།

 

ལོ་སྟོང་གི་ཡར་སྔོན་དུ།

འུ་ཅག་གིས་མེས་པོ་ཚོས་མགོ་བོ་སྒུར་ནས།

སྨྲ་ལྕེ་ནས་མནར་ནས།

ཁྱི་གུ་ཞིག་ལྟར་ཁྱེད་ཀྱི་གམ་དུ་བཅར་བྱེད།

 

ད་ནི་སྔོ་ལྡུམ་གྱིས་ཁ་སྤུ་ཟིང་ཀྱང་།

ཁ་སྤུ་བྲེག་མཁན་མེད་ཅིང་།

ཁྱེད་ཀྱི་ནོར་བུ་བཙན་གྱིས་ཁྱེར་ནས་རྒྱང་ལ་ཆས་ནས་འགྲོ

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.