སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
28293031
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16002


 
དྲན་གདུང་སེམས་ཀྱི་སྐྱོ་གླུ །
[ 2019/7/16 21:19:00 | By: ཁ་བ་རྐང་གླིང་། ]
 

དྲན་གདུང་སེམས་ཀྱི་སྐྱོ་གླུ །

 

ལྷ་གཅིག་ཚངས་པའི་བུ་མོ་ཀྱེ །

འཇིག་རྟེན་སྙན་པའི་ངག་བསྡུས་མ།།

སྙན་འཇེབས་ཚིག་གི་བུ་རམ་དང་།།

དོན་ཟབ་རྒྱ་མཚོར་ངོ་སྐྱེངས་པའི།།

ངག་རིག་ལྷ་མོ་བདག་མགྲིན་ཕེབས།།

 

ཀྱེ་ཀྱེ་ངག་རིག་སྒྱུ་འཕྲུལ་མ།།

ཕྱི་ཕྱིར་ཕྱོགས་ནས་མ་ཕེབས་པར།།

དད་པའི་བུ་ཆུང་ལེགས་སྐྱངས་ཏེ།།

སྙན་ངག་སྦྲང་ཆར་འབེབ་མཛོད་ལགས།།

ངག་རིག་དངོས་གྲུབ་འོད་ཟེར་གཏོད།།

 

ཡིད་འཕྲོག་ཡིད་ཀྱི་དགའ་མ་ཁྱེད།།

མུན་པའི་ཀློང་གི་ཟླ་བ་ཡིན།།

ཚ་གདུགས་དྲག་པོའི་གྲིབ་བསིལ་ལགས།།

སྙིང་སྡུག་སྙིང་གི་མཛའ་མོ་ཁྱེད།།

ཡུད་ཙམ་མ་ཐུག་མུན་པས་གཡོགས།།

 

དུས་ཡུན་ཞགས་དང་ཟླ་བ་འདི།།

ལོ་ངོ་སྟོང་ལ་བུད་པ་ལྟར །།

བདག་སེམས་གདུང་བས་ན་ཟུག་གིས།།

ཟས་ཀྱི་དང་ག་ཉམས་བཞིན་དུ།།

ནད་ཀྱི་རྩེད་མོ་རྩེ་བར་བྱེད།།

 

སྙིང་གྲོགས་ཡིད་ཀྱི་ལྷ་མོ་ཀྱེ །

ཁྱེད་ནི་གནས་མཆོག་ལྷ་སའི་གཞུང་།།

ཇི་ལྟ་ཇི་ལྟར་སྐྱིད་ན་ཡང་།།

བདུད་རྩི་སྨན་དང་འདྲ་བའི་ཁྱེད།།

ང་ཉིད་སྐྱོབས་པར་ཕེབས་ཤོག་ལགས།།

 

སེམས་པའི་ཐང་གི་མེ་ཏོག་གཅིག །

ནམ་ཡང་ཁྱེད་ལ་བལྟས་པ་ན།།

ང་ཡི་ལུས་སྟོབས་འཕེལ་བཞིན་དུ།།

དྲོད་ཀྱི་སྣང་བ་ཚོར་འོང་ལ།།

སྐྱིད་པའི་སེམས་པ་དྲོས་ཡོང་།།

 

ཡིད་འཕྲོག་ང་ཡི་ལྷ་མོ་ལགས།།

དྲན་པའི་གདུང་བ་ནག་པོ་ཡིས།།

ང་ཡི་ལུས་སེམས་གཉིས་པོ་ལ།།

ཐོ་བ་ནག་པོས་བཞུས་པ་ཡིས།།

ད་ནི་ནད་ཀྱི་བཟི་ནས་འཐོམ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.