བུ་མོ་མཛེས་མའི་རྣམ་ཐར།
ཁ་བ་རྐང་གླིང་།
སྒྲོལ་མ་ནི་ད་ལོ་སློབ་གྲྭ་ཆེན་མོ་ཐོན་ནས་ལས་ཀར་ཞུགས་མ་ཐག་ཡིན་པས་
སྤྱི་ཚོགས་ཐོག་གི་གནས་ཚུལ་མང་པོ་ཞིག་ཧ་གོ་གི་མེད། མོ་ནི་གཟུགས་བྱད་ལེགས་
བཞིན་ཡིད་དུ་འོང་བ་ཞིག་ཡིན་པས་སྐྱེས་པ་སུ་ཞིག་ཡིན་ཀྱང་སེམས་སུ་ངེས་སླ་
བའི་བུ་ཞིག་རེད། དེ་ཡང་ད་ལོ་མོ་གཞུང་ཞབས་པའི་ཡིག་རྒྱུག་འཕྲོད་དེ་ཧ་ནི་ཀ་
རྗོང་དུ་ལས་བཀོད་རྒྱབ་རྗེས་མོ་དང་དགའ་གྲོགས་རྡོ་རྗེ་གཉིས་ཀྱི་ཅུད་ཀྲང་ལགས་
བཙལ་ནས་འབྱོར་ཐོ་བཀོད་པ་དང་། ཅུད་ཀྲང་གི་མོ་ལ་ཉལ་ཁང་སོགས་བཀོད་
བསྒྲིག་བྱས་པ་མ་ཟད། ཟླ་ཕྱེད་ཀྱི་ངལ་གསོ་བཞག །
སྒྲོལ་མས་ཟླ་ཕྱེད་ཀྱི་རིང་།
ཆུང་བྱིས་པས་དུས་ནས་བརྩེ་བའི་མདུད་པ་སྐད་
ཅིག་ཙམ་ཡང་དཀྲོལ་མ་མྱོང་བའི་རང་གི་སྙིང་གི་བརྩེ་གྲོགས་རྡོ་རྗེ་དང་མཉམ་དུ་
ལྷ་ས་དང་ལྷོ་ཁ། ཉིང་ཁྲི་སོགས་སུ་ཡུལ་སྐོར་དུ་བསྐྱོད་ཅིང་། མོས་རང་གི་བརྩེ་
གྲོགས་དང་མི་ཚེ་མཐའ་སྐྱོལ་ཡོང་བའི་སྨོན་ལམ་ཡང་རྟག་ཏུ་འདེབས་བཞིན་ཡོད།།
དེ་ལྟར་ཟླ་ཕྱེད་ནི་ཡུད་ཙམ་ལ་ཡོལ་ཟིན་པས།
རྡོ་རྗེས་སྒྲོལ་མ་སྐྱེལ་བར་ཡོང་
བཞིན་ལས་ཁུངས་སུ་འབྱོར་ཐོ་བཀོད་བྱས་རྗེས་ཕྱི་རོལ་གྱི་ཟ་ཁང་ཞིག་ནས་ཟ་མ་ཟ་
སྐབས། རི་འཛེགས་གྱོན་གོས་ཆ་ཚང་གྱོན་པའི་མི་ཞིག་གིས་ཁ་སང་གཟའ་མཇུག་
གི་སྐབས་སུ། ཧ་མ་ཅུད་ཀྱི་ཅུད་ཀྲང་མ་ཡ་ནིས།
ཧ་ལོ་ཤང་གི་བུ་མོ་ཞིག་དང་
མཉམ་དུ་ཉལ་བ་རེད་ཟེར་བཞིན། མི་གཞན་ཞིག་གིས་ཁོས་ཁོ་རང་ཚོའི་
ལས་ཁུངས་ཀྱི་བུ་མོ་མང་པོ་ཞིག་ལ་ཡང་འདོད་ཆགས་སྤེལ་མྱོང་ཡོད་རེད་ཅེས་
བཤད། རྡོ་རྗེ་དེ་མ་ཉིད་དུ་རང་གི་སེམས་ཀྱི་བྱམས་པ་སྤྱང་ཀིའི་ལག་ཏུ་ཤོར་
བ་མིན་ནམ་སྙམ་པའི་དོག་གཞི་ཞིག་དང་མཉམ་དུ་རང་གི་མིག་མདུན་གྱི་བུ་མོ་
དེར་ལྟ་ཙམ་བྱས།།
ཅུད་ཀྲང་མགོ་སྐྲ་གྱེན་དུ་སླངས་ཏེ་སྦྲང་བུ་ཡང་འབྲེད་འདར་ཤོར་ལ་ཉེ་བ་
ཞིག་ཟོ་ནས་མིག་ཤེལ་ནག་པོ་ཞིག་རྟག་ལ། གྱོན་པ་ཕྱི་ལྭ་ནག་པོ་ཞིག་གྱོན་བཞིན།
ཉིན་ཞིག་གི་དགོང་མོར། མོ་ལ་ཁ་པར་རྒྱབ་ཏེ། གྲོང་ཁྱེར་མ་མ་ཅུད་ནས་དབུ་
ཁྲིད་ཕེབས་སོང་བས། ཁྱོད་རང་ད་ལྟ་ཧུ་ཧུ་ཨར་ཁང་ནང་ཡོངས་དགོས་ཞེས་
ལབ། མོས་ཀྱང་གོས་ལྭ་ཡག་ཤོས་དེ་དག་གྱོན་ནས་ཕྱིར་བུད་སོང་། མོས་ཅུད་
ཀྲང་གི་ཟེར་བའི་ཁང་པ་དེའི་ཕྱོགས་སུ་ཤར་རེར་སྐྱོད།།
མོ་ནི་དེ་སྔ་ཆང་རག་ཁ་ཙམ་རྒྱག་གི་མེད་པས།
ས་དེར་འབྱོར་དུས་ཆང་
དྲིས་གང་ནས་ཡོད་པས། མོའི་སྣ་ལ་ཆང་དྲི་ཤིན་ཏུ་ངར་བ་དེས་མོའི་སྣ་ལ་བཟན་
པོ་ཞིག་ཟོས།འོན་ཀྱང་མོས་སྡུག་རུས་བྱས་ཏེ་ཅུ་ཀྲང་གི་ཕྱོགས་སུ་སྐྱོད་པས། ཅུད་
ཀྲང་གི་ཞབས་ཞུ་མ་སྐད་གཏང་ཏེ་རྐུབ་སྟེགས་ཤིག་དང་པི་ཙེ་ཞིག་ཁོ་རང་གི་ཟུར་
དུ་བཙུགས་ནས་མོ་འདུག་དུ་བཅུག་པ་མ་ཟད། མོ་ལ་ཨ་རག་འཐུང་དུ་བཅུག
མོས་ཨ་རག་འཐུང་མེད་ཅེས་ཇི་ལྟར་ལབ་ཀྱང་། ཨུ་ཚུགས་ཀྱི་འཐུང་དུ་བཅུག དེ་
ལྟར་དུས་ཚོད་ནི་མཚན་མོའི་ཆུ་ཚོད་བཞི་པར་སླེབས་ཉེ། མ་མ་ཅུད་ཀྱི་དབུ་ཁྲིད་
རྣམས་མགྲོན་ཁང་དུ་ལོག་པ་དང་།
ཁོ་གཉིས་རང་གཉིད་ཀྱི་ལས་ཁུངས་སུ་ལོག
ཅུད་ཀྲང་གིས་ར་བཟི་མེད་ཀྱང་བཟི་ཁུལ་བྱས་ཏེ། མོ་རང་གི་ནང་བར་དུ་སྐྱེལ་
བར་ཁྲིད་པ་མ་ཟད། མོས་ཀྱང་ཅུད་ཀྲང་གི་ལྷམ་ཀོག་སོགས་ཕུད་ནས་ཉལ་ཁྲིའི་
སྒང་དུ་བསྙལ་བར་འགྲོ་སྐབས། ཅུད་ཀྲང་གི་མོའི་དཔུང་པ་ནས་བཟུང་སྟེ་མོ་ལ་
འདོད་ཆགས་བརྩོམས་པར་ཆས།
མོས་སྐད་རྒྱག་བཞིན་མྱུར་མོར་བྲོས་ཕྱིན་པས་
སྤྱང་ཀིའི་ཁ་ལས་ཐར་ཙམ་བྱུང་བ་མ་ཟད། རྗེས་སུ་གོང་གི་ལས་ཀ་དེ་འདྲར་སྐད་
གཏང་ན་མོས་ཁ་པར་ཁ་ཟུམ་ནས་ཐེངས་མང་མ་ཕྱིན་པམ་ཟད་ད་དུང་མོའི་སེམས
སུ་ང་ནི་གཞུང་ཞབས་པ་ལས་ཨ་རག་འཐུང་རོགས་བྱེད་མཁན་མིན་པས་འདི་ལ་ཅི་
ཞིག་སྐྲག་དགོས་སྙམ་བཞིན་ཡོད། ཡིན་ནའང་བསམ་ཡུལ་འདས་པ་ཞིག་ལ།
ཅུད་ཀྲང་གི་གོང་གི་དབུ་ཁྲིད་ཀྱི་བཀའ་ལ་མི་ཉན་པས། ང་ཚོ་ཅུད་དབུ་ཁྲིད་ཀྱི་
ཐག་གཅོད་བྱས་པ་ལྟར། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་ནང་ལས་ཀ་བྱེད་
པར་སྐྱོད་དགོས་ཞེས་བཤད།།
སང་ཉིན་ཞོག་པ་སྔོ་མོ་ནས་ཅུད་ཀྱི་རླང་འཁོར་ལ་སྡད་དེ་ཉི་མ་སྡེ་གྲོང་
ཚོར་ཆས་གྲོང་ཚོ་དེ་ནི་རྗོང་དེའི་ནང་གི་ཆེས་སྐྱོ་ཤོས་དེ་ཡིན་པས་གློག་མེད་ལ་ཁ་
པར་གྱི་བརྡ་རྟགས་ཀྱང་མེད་ཅིང་རྫོང་ནང་དུ་འགྲོ་དགོས་ཀྱང་། འགྲིམ་འགྲུལ་
འཕྲུལ་འཁོར་ཤིན་ཏུ་དཀོན་པའི་གྲོང་ཚོ་ཞིག་ཡིན་པས་མོས་དཀའ་སྤྱད་སྡུག་རུས་
ཇི་ལྟར་བྱས་ཀྱང་འཁྱོལ་བར་དཀའ་བས། ཉིན་ཞིག་བློ་ཐག་རྦད་ཆོད་ཀྱི་རྫོང་དུ་སྐྱོད་ནས་མཚན་མོའི་སྐབས་སུ་ཨ་རག་ཡག་པ་འགའ་ཞིག་འཁྱེར་ནས་ཅུད་ཀྲང་གི་
ཁྱིམ་དུ་སྐྱོད།
ཐག་ཐག་སྒོ་བརྡུང་བའི་སྒྲ་ཞིག་གྲག་ཅུད་ཀྲང་གི་སྒོ་ཕྱེ་དུས་མོ་ཡིན་
པ་མཐོང་བས། རང་གྲོང་ཚོའི་ནང་མ་སྡད་པར་འདིར་ག་རེ་བྱེད་པར་ཡོང་པ་
ཅེས་ལབ། མོས་ཨ་རག་དེ་དག་ཡར་བསྐྱག་ཙམ་བྱས་ནས་བདག་ལ་དོན་ཐག་ཞིག་
ཡོད་ཅེས་བཤད། མོ་ནང་དུ་ཁྲིད། མཚན་མོ་དེར་མོས་བློ་འདུན་ཡེ་ནས་མེད་པའི་
ཨ་རག་དེ་འཐུང་བཞིན་རང་གི་གཟུགས་པོ་འདི་ཡང་ཕུལ་དགོས་པར་མནོ་བསམ་
རེ་གཏོང་དུས། འཇིག་རྟེན་འདིར་ཡིད་ཆད་ཅིག་སྐྱེས།།
ཉིན་མ་ཁྲ་ལྷམ་མེར་སྒེའུ་ཁུང་བརྒྱུད་དེ་ཁང་པའི་ནང་འཆར། མོས་གཉིད་
ལས་སད་དེ་ལངས་རྩིས་བྱེད་སྐབས། ཅུད་ཀྲང་ཡང་གཉིད་ལས་སད་དེ་མོ་ལ་རྟོག་
ཙམ་སྒུག་དང་ང་གཉིས་མཉམ་པོར་ཟ་མ་ཟ་བར་འགྲོ་ཞེས་བཤད།
ཟ་མ་ཟས་ནས་
ཡར་སླེབས་རྗེས་མོ་ལ་ངལ་གསོ་གཟའ་འཁོར་ཅིག་བཞག་པ་དང་། ཅུད་ཀྲང་གི་
རང་ལ་ལྐོག་ལབ་རྒྱབ་མཁན་གྱི་ཨེ་མ་ཡ་དྲན། ཅུད་ཀྲང་གི་ཁོ་ལ་སྒྲོལ་མ་གཟུགས་
པོ་ཡག་པོ་མེད་པརསྨན་ཁང་དུ་ཕྱིན་སོང་བས་ཁྱེད་རང་གནས་སྐབས་སུ་གྲོང་ཚོའི་ནང་འགྲོ་དགོས་ཞེས་ལབ་
དེ་ནི་རྗུན་གཏམ་ཞིག་ཡིན་པ་ཁོས་ཏག་ཏག་ཤེས་ཡོད།
དེ་སྔོན་ཡང་དེ་ལྟར་ཁ་གཡར་ནས་གྲོང་ཚོའི་ནང་གཏོང་བཞིན་ཡོད།།
མར་རྗོང་དུ་སླེབས་པ་ནས་ཟུང་མོ་ནི་ཅུད་ཀྲང་གི་མིག་ནང་གི་བྱམས་པ་དེ་ཡིན་ལ། ལས་ཁུངས་དེའི་ནང་གི་དོན་དག་མང་པོ་ཞིག་མོས་ཐག་གཅོད་བྱེད་བཞིན་ཡོད། སླར་ཡང་ད་ལོ་མོ་རང་མགོ་ཁྲིད་ཞིག་ཏུ་བསྐོས།།
ད་ལྟ་བུ་མོ་ལ་གོ་ས་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད།
བུ་མོ་དེ་རྫོང་
ནང་སྐད་གྲགས་ཆོད་བཞིན་འདུག
རྡོ་རྗེས་བུ་མོ་དེའི་ཁ་པར་ཨང་གྲངས་དང་
བཅས་པ་མིང་ནག་ནང་དུ་བཅུག་གོ །