སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མིག་ཆུ་ཕོར་བ་གང་།
[ 2018/1/10 22:19:00 | By: ཁ་བ་རྐང་གླིང་། ]
 

  མིག་ཆུ་ཕོར་བ་གང་།


ལས་ལ་སེམས་པ་ཐོགས་ཏེ།།

དགའ་བས་ལེགས་པར་སྒྲུབ་ཀྱང་།།

རྒྱབ་ཀྱི་མི་ཆེན་མེད་ཚེ།།

ཐམས་བཅད་ཀླད་ཁོར་རེད་འདྲ།།

 

གང་བཀོད་ལེགས་པོར་སྒྲུབ་ཀྱང་།།

རྫུན་གྱི་ཁ་མཁས་མེད་ཚེ།།

རྒྱང་ལ་ཕུད་རྒྱུ་དེ་ཡང་།།

དུས་ཀྱི་སྔ་ཕྱི་རེད་འདུག །

 

འོ་ཟུང་བུ་མོ་མིན་པས།།

སྡུག་གི་ལས་ལ་བརྩོན་ཀྱང་།།

ཤེས་ཚོད་མ་རེད་ལགས་ཏེ།།

མཐོང་བ་དེ་བས་དཀོན་ནོ།།

 

ད་ནི་ཆུང་མ་བུ་ཕྲུག །

མིག་ཆུ་ཤར་ཤར་བཞག་སྟེ།།

རྒྱང་རིང་ཡུལ་དེར་ཆས་འགྲོ །

རྒྱས་མེད་ས་དེར་ཕྱོགས་འགྲོ །

 

ད་ནི་མགོ་ཡི་སྐྲ་ལོ།།

དཀར་པོ་དཀར་པོར་གྱུར་ནས།།

སེམས་པ་ནད་ཀྱི་བཅོམས་ཏེ།།

ལས་ལ་བསམ་པ་མིན་འདུག །

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.