སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 15876


 
དཔྱིད་ཀས་བཏབ་པའི་ན་ཟུག་ཨ་ཚ་མ།།
[ 2018/5/19 18:52:00 | By: ཁ་བ་རྐང་གླིང་། ]
 

 

དཔྱིད་ཀས་བཏབ་པའི་ན་ཟུག་ཨ་ཚ་མ།།

 

              ཁ་བ་རྐང་གླིང་།

 

དགུང་སྔོན་པོའི་དཀྱིལ་རོལ་ན།།

སྤྲིན་དཀར་པོ་ཐར་ཐོར་ལྡིང་།།

སྤྲིན་དཀར་པོ་ལྡིང་བའི་འོག །

བསིལ་རླུང་བུ་དངའགྲོག་ནས།།

ཞིང་རྨོ་འདེབས་ལ་བྲེལ་ལུགས།།

ཁོང་ལས་ལ་བརྩོན་པ་དག །

རྗོ་ངར་མར་གཉའ་བྱས་ཏེ།།

ས་ལྷོག་ལྷོག་ཏུ་རྨོ་འོ།།

 

མིག་དེ་ལ་འཁོར་ནས་ཀྱང་།།

རང་ཕ་ཡུལ་ཡབ་ཡུམ་ཟུང་།།

ཞིང་ཐལ་ཆུང་གྲུ་བཞིའི་ནང་།།

སེམས་བདེ་བར་བབས་ནས་ནི།།

ཞིང་རྨོ་འདེབས་ལས་ལ་བྲེལ།།

ཡིད་དབང་པོའི་རྙན་འཕྲིན་དུ།།

རྒྱུག་ཆུ་བོ་རྒྱུག་རྒྱུག་བྱེད།།

དེ་འཆར་བཞིན་འཆར་བཞིན་དུ།།

དྲིན་ཕ་མ་བཅས་པ་རྣམས།།

དྲན་གདུང་བའི་རང་འཁོར་ཞིག །

འཁོར་གཡས་གཡོན་ནས་འཁོར་བྱུང་།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.