བསྙན་དོར་གྱི་རྒྱན་གྱི་དཔེར་བརྗོད་རྣ་བའི་བདུད་རྩི།།
གློག་འཐུང་ཁྱགས་སྒམ་གྲུ་བཞི་འདིས།།
ཚ་གདུགས་དབྱར་གྱི་དུས་ཚིག་ལ།།
གྲང་མོར་བཟོ་བར་མི་ནུས་ཀྱང་།།
ཚན་རིག་རྫུ་འཕྲུལ་བློ་ལས་འདས།།
སེམས་ཀྱི་ཕར་སྣེ་ཚུར་སྣེ་ཡིས།།
སྐད་ཐོས་ངོ་མཇལ་སྐད་འཕྲིན་འཕྲུལ།།
མགོ་རྨོངས་དག་གིས་སྡུག་ངལ་ལས།།
ང་ཚོར་བདེ་བའི་སེམས་གླེང་གནས།།
དཔེ་ཆའི་གླེག་བམ་མཐུགས་པོ་དག །
ལེགས་བཤད་གཏམ་གྱི་ཟེའུ་འབྲུ་མིན།།
དཔེ་ཀློག་རྒྱ་མཚོར་འཇུག་མཁན་ཚོར།།
ནོར་བུར་གཏད་ནས་དཀའ་བ་སྤྱོད།།