སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྒྲུང་ཐུང་།
[ 2017/1/25 22:30:00 | By: ཁ་བ་རྐང་གླིང་། ]
 

         སྦག་སྦག་འཁོར་ལོ།།

                                   ཁ་བ་རྐང་གླིང་།

 

        དེ་ཡང་།    ད་ལོ་བཀྲ་ཤིས་གཞུང་ཞབས་པའི་ཡིག་རྒྱུག་འཕྲོད་པའི་

རྟེན་འགྲེལ་གྱི་ལོ་ཞིག་རེད།   ཁོ་རང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྗོང་ཞིག་ཏུ་ལས་

བཀོད་རྒྱབ་པ་རེད།   ཁོ་རང་ལས་སུ་སླེབས་མ་ཐག་ནོར་སྲིད་ཅུད་ནས་སྒོར་མོ་

ཁྲི་གཅིག་ཙམ་སྤྲད་པས།   ཞིང་ཁུལ་ནས་ཡོང་བའི་ཁོ་རང་ལ་མཚོན་ན་འདི་

འདྲའི་སྒོར་མོ་མང་པོ་ལག་ཏུ་ལེན་མྱོང་ཡེ་ནས་མེད་པས།  ཁོ་དགའ་རྟགས་ཆོད་

ནས།  སྒོར་མོ་ཁྲི་ཚོ་དེ་ནས།  ཕུད་དེ་དགོན་པར་འཕུལ་བ་དང་དེ་མིན་གྱི་སྒོར་

མོས་རང་ཁྱིམ་སྦག་སྦག་འཁོར་ལོ་ཞིག་ཉོ་འདོད་པ་རེད།།

 

        ཁོས་སྒོར་མོ་ལག་ཏུ་བླངས་ནས།   མནོ་བསམ་གྱི་ཐག་སྣེ་ཕ་ཡུལ་ལ་

ཕྱོགས་བཞིན།  ཁོ་རང་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་གྱི་དགུན་ཁའི་གུང་

གསེང་གི་སྐབས་སུ་ཤོར།དགུན་ཁ་དེ་ནི་ཧ་ཅང་གི་དྲོ་བཞིན།   བཀྲ་ཤིས་དང་ནུ་

བོ་ད་དུང་ཁོའི་ཨ་ཁུ་གཉིས་རྡོ་རྒྱལ་བཅས་ཉིན་གུང་རྟག་པར་ཁང་པའི་མཐོ་ག་

རུ་རྩེད་མོས་དབྱིངས་ཞུག་ནས་འཕར་མཆོངས་བྱས་པས།  ཁབ་པའི་ཁོག་གའང་

མེར་མེར་བྱེད་བཞིན་འདུག   ལོ་གསར་སླེབས་ལ་ཉེ་བའི་དགོང་མོ་རྡོ་རྒྱལ་གློ་

བུར་ན་བཞིན་ཤང་སྨན་ཁང་དུ་བསྐྱོད་པ་ན།   སྐྱོན་མིན་འདུག་ཅེས་ལབ་ཅིང་།

 སྨན་འགའ་ཞིག་སྦྱིན།   ཡིན་ནའང་།   རྡོ་རྒྱལ་ཐོ་རེངས་ཀྱི་སྐབས་སུ་འཇིག་

རྟེན་ཕྱི་མའི་ལམ་ལ་བཞུགས་པ་རེད།།

 

      ཨ་ཁུ་རྡོ་རྒྱལ་ནི་སྦག་སྦག་འཁོར་དགོས་འདོད་ཀྱི་སེམས་པས་ཡོངས་སུ་

ཟིན་དེ།  རང་ཁྱིམ་དུ་སྦག་སྦག་ཉོ་དགོས་ཞེས་ཐེངས་མང་ལབ་མྱོང་ཡོད་པ་རེད།

ཡིན་ནའང་ཞིང་སྦར་མོ་གང་པོ་ལས་བཏུས་པའི་འབྲུ་རིགས་ཀྱི་བཀྲ་ཤིས་སློབ་

ཡོན་དང་ཁྱིམ་ཚང་གི་འགྲོ་སོང་ཡང་མི་ལོན་པས།   གྲོང་ཚོའི་ནང་གི་ཁྱིམ་ཚང་

གཞན་དག་ལྟར་ཉོ་ག་ལ་ཐུབ།།

 

         ཕྱི་རོལ་ནས་ཁོའི་ལས་རོགས་དོན་གྲུབ་ཀྱི་འབོད་པ་ན་བཀྲ་ཤིས་གཉོད་ལས་སད་པ་བཞིན།    མནོ་བསམ་ལས་གྱེས་ཏེ་དོན་གྲུབ་ལ༼ག་རེ་ལབ་པ་ཞེས་

བཤད་ཅིང་།   དོན་གྲུབ་ཀྱིས་ཕྱི་རོལ་འགྲོ་གི་མིན་ནམ་ཞེས་བཤད།   མིན།  མིན།

ཁྱེད་རང་ཕེབས་ཀོ་ཞེས་བཤད༽    ཁོ་སྔར་བཞིན་མནོ་བསམ་གྱི་ཞིང་ཁམས་སུ་

བསྐྱོད་ཅིང་།ཨ་ཁུ་རྡོ་རྒྱལ་གྲོང་དུས་ཀྱི་ཟུག་ཟེར་གྱིས་ཨེན་སྒྲ་བར་མེད་དེ་ཡིད་ལ་

འཆར་སྐབས།  མིག་ཆུ་རྡོག་པོ་ཆེན་པོ་འགའ་མཁུར་ཚོས་བརྒྱུད་ནས་ས་སྟེང་དུ་

ཟག་བཞིན།   དེ་རེས་ནོར་སྲིད་ཅུད་ནས་སྤྲད་པའི་སྒོར་མོར་ཉོས་པའི་སྦག་སྦག་

འཁོར་ལོ་འདིས་ཁོང་སེམས་པ་དགའ་བས་མྱོས་ངེས་བསམ།།

 

          སྐབས་དེར་རླུང་བུ་ཆེན་པོ་ཞིག་ཤུགས་ཀྱི་ལྡང་ནས།   ཕྱི་རོལ་ན་རྩེད་

འཇོར་རོལ་བའི་ལས་རོགས་དེ་དག་ཀྱང་།   མྱུར་མོར་རང་ཉིད་གྱི་གྱོན་གོས་དེ་

དག་ལག་པར་འཁྱེར་ནས་རང་ཁྱིམ་དུ་འཛུལ་སོང་།   ང་ཡང་རང་ཁྱིམ་དུ་འཛུལ་

ནས་སྒོ་མོ་ཧྲག་སེ་རྒྱབ་ནས།  བརྙན་འཕྲིན་འཕྲུལ་འཁོར་ཁ་ཕྱེ་ནས་ལྟ་བར་

བརྩམ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.