ཆུང་དུས་ཀྱི་དྲན་འཆར།།
ཁ་བ་རྐང་གླིང་།
རྩེད་རྭ་ཐལ་བའི་ནང་ནས།།
རྩེད་གྲོགས་སྣབ་ལུད་འགའ་ཞིག
།
རྕེད་ཆས་རྭ་དང་རུས་རྐང་།
རྩེད་ཡུལ་ཕ་ས་དྲན་ནོ།།
བཟའ་བཏུང་པགས་དང་ཇ་ཁུ།།
གྱོན་པ་ལྷན་པའི་ལྷན་པ།།
གདོང་ལ་དྲག་པའི་སྲོལ་བ།།
བྱིས་དུས་འཚོ་བ་སྐྱོ་ཙམ།།
ཨ་མས་བྱམས་པའི་བརྩེ་བ།།
ཡབ་ཀྱི་དུངས་བའི་བསུ་མ།།
ཕ་ཡུལ་སྐྱོ་ཙམ་ཡིན་ཡང་།
སྐྱིད་པའི་ཉི་མ་དྲོ་འོ།།
ལུས་པོ་དཀའ་བས་མནར་ཀྱང་།
གཡག་དང་ཁྱུང་དཀར་མཛོ་མོས།།
བདག་ལ་ལམ་རོགས་ཡོད་པས།།
སྐྱིད་པའི་དྲན་སོ་ཡོད་དོ།།
ལུས་ལ་དར་ཟབ་གྱོན་ཏེ།།
རླུང་རྟའི་དར་ལྕོག་ཁུར་ནས་
རི་བོ་མཐོན་པོར་འཛེགས་པ།།
ད་ལྟ་དྲན་ན་སྐྱིད་པ།།
རྒྱབ་མདུན་འདུར་བ་མེད་པ།།
གཡས་གཡོན་བཙིར་མཁན་མེད་པ།།
ཆུང་ཆུང་བྱིས་པའི་འཚོ་བ།།
སྣང་བ་རང་སྐྱིད་རེ་ཞག།
ལ་ནས་ལ་མོ་རྒྱབ་སྟེ།།
ཐང་ནས་ཐང་ཆེན་བརྒལ་ནས།།
མི་ཡུལ་མི་ཡི་ལུང་པ།།
རྒྱལ་ས་ཡིན་ཡང་བསུན་འགྲོ
།
བྱ་བྱེའུ་གསུང་སྐད་སྙན་བཞིན།།
རྫི་གླུའི་རི་ཀླུང་འགུལ་བའི།།
ཕ་ས་ནགས་ཀྱི་ཁེབས་པ།།
ད་ལྟ་དྲན་བཞིན་ད་ལྟ་འཆར།།
བདག་གི་སེམས་པ་ཞེན་ས།།
བདག་གི་གོམ་པའི་ཁ་ཕྱོགས།།
ཕ་ས་སྦས་ཡུལ་ཁ་ཏ།།
ཀྱེ་ཀྱེ་བདེ་བར་བདེ་ཞིག །