སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
28293031
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16011


 
གླུ་མ་ཚེ་དབང་ལྷ་མོར་འདི་ལྟར་བཤད་པ།
[ 2016/8/24 16:07:00 | By: ཁ་བ་རྐང་གླིང་། ]
 

གླུ་མ་ཚེ་དབང་ལྷ་མོར་འདི་ལྟར་བཤད་པ།

 

                                ཁ་བ་རྐང་གླིང་།

 

ཁོང་གིས་ལྷ་མོ་རེད་འདྲ་ཟེར། །

མོ་ཡིས་མཛེས་མ་རེད་ཞག་ཟེར། །

ཁོང་ཚོ་དང་ཁོང་མོའི་བར་ནས། །

ཁྱེད་རང་མཛེས་མའི་མཛེས་མ་འདྲ། །

 

སྙན་མོ་གླུ་ཡི་གདང་དབྱངས་ཀྱི །

དབྱངས་ཅན་ལྷ་མོ་ཞེས་པ་ཡང་།

འདི་ལས་ལྷག་ཅིག་ཨེ་ཡོད་ཟེར། །

འདི་ལས་སྙན་ཅིག་ཨ་ཡོད་ཟེར། །

 

མི་རིགས་གཉིད་ལས་དཀྲོག་པའི་གླུ །

ཡ་གིའི་དགོན་པའི་སྤྲུལ་སྐུས་ཀྱང་ །

འདི་ལས་ལྷག་ཅིག་མི་འཇོན་ཟེར། །

འདི་ལས་གཟབ་ཅིག་མི་བརྗོད་ཟེར། །

 

རྒྱ་སྲང་ཁྲོམ་ལམ་གང་ས་རུ། །

ཁྱེད་ཀྱི་འོད་སྡེར་ཁོ་ནས་ཁྱབ། །

ཁྱེད་ཀྱི་གླུ་སྐད་ཁོ་ནས་རྒྱན། །

སུན་ནོ་ཟེར་མཁན་ཡོད་རེ་དཀོན། །

 

ཆང་ཁང་མྱུལ་བའི་སྐྱེ་བོ་འགའ། །

ཁྱེད་ལ་འོ་ཞིག་བྱེད་པའི་ཚེ། །

སྤྱུག་ཀྱང་སད་ཀྱང་མི་འགྱོད་ཟེར། །

གཏུབ་ཀྱང་སྦས་ཀྱང་མི་ངུ་ཟེར། །

 

མཚར་པོ་མཚར་བའི་མཁའ་འགྲོ་མ། །

ས་འགྲོ་གླུ་མ་ཁྱེད་ཉིད་ལས། །

འུ་ཅག་སྐྱེ་བོའི་མདུན་ས་རུ། །

གླུ་མ་ཁྱེད་ཉིད་མཚར་བཞིན་རྒྱུ །

 

ད་དུང་སྒུག་ཡོད་གླུ་མ་ལགས། །

མི་རིགས་གཉིད་སློང་སྒུག་ནས་ཡོད། །

སྙན་མོའི་གླུ་དབྱངས་སྒུག་ནས་ཡོད། །

ལྡེམ་མྱུར་ཞབས་བྲོ་སྒུག་ནས་ཡོད། །

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.