མཐོང་བ་ཨ་ཟིན་སྤུ་ཟིན་མ། །
___གནས་ཆེན་མཚུར་ཕུ་དགོན་དུ་བསྐྱོད་པའི་མྱོང་བ།
ཁ་བ་རྐང་གླིང་།
དོ་ནུབ་ཉི་མིའི་འོད་ཟེར་རྒྱང་ནས་ལམ་ལམ་འཕྲོ། །
ང་ཡི་སེམས་པ་ཉི་མིའི་འོད་ཟེར་རེ་ལ་འཁྱུད། །
ང་ཡི་སྤྲོ་བ་ཁྱིམ་མི་རེ་ཡི་སྟེར་བ་ཡིན་ནམ་ཀྱེ །
ང་ཡི་བདེ་བ་ཐང་ཆེན་དེ་ནས་རྒྱས་སོ་ལོ། །
ཡ་གིའི་དགོན་པའི་ལྷ་ཁང་མཚར་པོའི་རྩེ་མོ་ན། །
དར་ཆ་ཞིག་གིས་ལྷབ་ལྷུབ་བྱེད་ལ་ང་རས་ལྟས། །
དར་ཆེན་དེ་ལ་ལྟ་བཞིན་ཧད་པའི་སེམས་པ་འདི། །
ཨ་མས་བསད་དེ་དར་ལ་འགྲེལ་པའི་འགྲེལ་ཞིག་རྒྱབ། །
ལྷ་ཁང་འདུ་ཁང་རྗེས་ཞུག་རྗེས་ཀྱི་མཇལ་བ་ཡིན། །
བླ་མ་དམ་པའི་མཚན་བཟང་འདི་ནས་ཐོས་སོ་ལོ། །
བླ་མ་དམ་པའི་མཛད་པ་འདི་ནས་ཤེས་སོ་ལོ། །
བླ་མའི་ཞབས་ལ་གུས་པའི་ཕྱགས་ཞིག་འཚོལ་ནོ་ལོ། །
སྟེས་དབང་མིན་ན་བསོད་ནམས་བསག་པའི་འབྲས་བུ་ཡི། །
བླ་མ་རིན་པོ་ཆེ་དང་མཇལ་བའི་སྐལ་བ་ཐོབ། །
གདོང་འདྲེས་བཟུང་བའི་སེམས་པ་མ་རབས་འདི་ལ་ཡང་ །
གཅེས་པོའི་གདོང་འདྲེའི་གདོང་ནས་ཟིན་ནས་སྐྱབས་སོང་ངོ་
།
བཀའ་བརྒྱུད་སྲུང་འཁོར་ཉོས་ནས་སྦྱར་སར་སྦྱར་བ་ཡིན།
།
བཀའ་བརྒྱུད་དཔེ་ཆ་བླུས་ནས་རང་སེམས་བཅོས་པར་བྱེད།
།
བཀའ་བརྒྱུད་བླ་མ་དྲན་ནས་རང་སེམས་བྱམས་པ་སྒོམ། །
བཀའ་བརྒྱུད་ཅེས་པ་ང་ཡི་སེམས་ཀྱི་དད་སེམས་བཅངས། །
དཔེ་ཆའི་སྒྲུང་ལ་རྒྱུས་པའི་ལྷ་ཡུལ་དེ་ན་ཡང་ །
འདི་ལས་ལྷག་ཅིག་ཨེ་ཡོད་འདི་ལས་མཚར་བ་མེད། །
བྱིན་ཅན་འདི་ནས་འགྲོ་དྲུག་ཞེས་པ་དེ་དག་ལ། །
ནད་མེད་འཚེ་བ་མེད་པའི་སྨོན་ལམ་དགུང་ལ་གཏོར། །
ད་ལོ་མ་ཡིན་སང་ལོ་གནངས་ལོའི་འཁོར་བགྲོད་ལ། །
འདི་ནས་འདི་ལྟ་དེ་ལྟར་སེམས་བསམ་ཡོང་བར་སྨོན། །
འདི་ནས་བསོད་ནམས་ལས་འགྲོ་མ་ཆད་འོངས་བར་སྨོན། །
འདི་ནས་འདི་ལྟ་དེ་ལྟར་རང་སེམས་བདེ་བར་སྨོན། །