གནས་བཤད་ཡག་པོ་རེ་གནང་བར་མཁྱེན་མཁྱེན། །
ཁ་བ་རྐང་གླིང་།
ང་ཚོ་ནི་མཆོད་མཇལ་དུ་འགྲོ་རྒྱུར་ཤིན་ཏུ་དགའ། དགའ་དྲགས་ཏེ་རང་གི་
ལས་ཀ་གནད་ཆེན་པོ་དེ་ཚོའང་སྐབས་རེ་སྐྱུར་གྱི་ཡོད། དེ་ནི་ངོ་མ་ཧ་སང་
དགོས་པའི་དད་པ་ཞིག་མ་ཡིན་ནམ།
ཡིན་ནའང་ང་ཚོའི་མཆོད་མཇལ་ནི་
སྐུ་འདྲ་ཡོད་ཀྱི་མདུན་ནས་མགོ་བོ་བཏུགས་རྒྱུ་དེ་དང་། དཔེ་ཁྲི་ཚང་མའི་
འོག་དུ་འཛུལ་ནས་བྱིན་རླབས་ཐོབ་ཐབས་བྱེད་རྒྱུ་དེ་རེད། །
ང་རང་རྒྱུན་པར་གནས་ཚུལ་གང་ལའང་དོ་སྣང་བྱེད་རྒྱུར་དགའ་བས།
མི་ཚོ་ཕྱི་རྒྱལ་གྱི་ཡུལ་སྐོར་བའམ་མཆོད་མཇལ་པ་ཚོས། དང་ཐོག་དགོན་པ་དེའི་ལོ་
རྒྱུས་འདྲི་བཞིན།དེ་ནས་དགོན་པའི་ནང་གི་སྐུ་འདྲ་སོགས་ཀྱི་ལོ་རྒྱུས་རྟོགས་ཞིབ་
བྱས་ནས། རང་ཉིད་ལ་ཤེས་བྱ་སོགས་འཇོག་བྱེད་བཞིན་འདུག ང་ཚོ་ནི་མགོ་བོ་
གཏུགས་རྒྱུར་དགའ་དྲགས་པས་མགོ་བོ་སུས་མང་བ་གཏུགས་པར་འགྲན་བསྡུར་
བྱེད་པ་ལས། སུས་དགོན་པའི་ལོ་རྒྱུས་མང་བ་རྟོགས་པར་དོ་སྣང་བྱེད་མཁན་ད་
བར་ཉིན་མོའི་སྐར་མ་བཞིན་དཀའ་ཚོད་གདའ།
།
དེ་ཡང་།
དེའི་འགན་འཁྲི་ཡོད་ཚད་ངུ་ཚོར་སེར་སྐྱ་ཚོར་ཡོད་པ་རེད། ད་
ལྟའི་ང་ཚོའི་དགོན་པའི་ནང་དུ་བཞུགས་པའི་གྲྭ་བཙུན་ཚོར།
དགོན་པའི་སྐུ་འདྲ་
སོགས་ལ་གནས་བཤད་རྒྱག་རོགས་ཞེས་བཞུས་ཚེ། ཁོང་རྣམ་པ་མང་པོ་ཞིག་གིས་
ཀྱང་མིང་ཙམ་ངོ་སྤྲོད་པ་ལས། དེའི་ཡོངས་ཁུངས་སོགས་ལོ་རྒྱུས་ཤེས་བྱ་མང་པ་
ཞིག་བཤད་མི་ཐུབ་པ་འདྲ། གང་ལྟར་ཁོང་རྣམ་པ་ཚོས་ཀྱང་དེ་འདྲ་སེ་ངོ་སྤྲོད་
བཞིན་འདུག དེ་སྔོན་ངོ་ལོ་བཞིའི་གོང་ལ་གུས་པས་མཚུར་ཕུ་དགོན་ལ་ཐེངས་
གཉིས་ཙམ་ཕྱིན་པ་ཡིན། དགོན་པ་དེའི་ནང་གི་གྲྭ་པ་ཞིག་གིས་འགྲེལ་བཤད་དཔེ་
ཡག་པོ་རྒྱག་གི་འདུག་པས། ང་རང་དགོན་པར་དེར་དད་སེམས་ཆེན་པོ་སྐྱེས་
བྱུང་། ཡིན་ནའང་།
ད་རེས་དགོན་པ་དེའི་དཀོན་གཉེར་ཡང་རྗེས་འདུག་ལ།
གནས་བཤད་དེ་ཡང་གང་རྒྱང་རིང་ལ་ཆས་པ་འདྲ། ངའི་རྣ་ལམ་དུ་ཡེ་ནས་ཐོས་
རྒྱུ་མིན་འདུག ང་ཕང་སེམས་ཆེན་པོ་ཞིག་སྐྱེས་བྱུང་།
དགོན་པ་མང་པོ་ཞིག་ཏུ་ནི་གནས་བཤད་རྒྱག་མི་ཐུབ་པའམ་ཡང་ན།
ཁོང་རྣམ་པ་ཚོ་གནས་བཤད་སྐྱོན་འདོད་མེད་པ་གང་ཡིན་བདག་གིས་ཤེས་མ་
སོང་། གང་ལྟར་དགོན་ཆེན་པོ་མང་པོ་ཞིག་གིས་ནང་ནས་ཀྱང་གནས་བཤད་ནི་ཧ་
ཅང་དཀོན་པོར་ཆགས་འདུག་པ་འདིས། ང་ཚོའི་བོད་རིགས་མང་ཚོགས་རྣམས་
མགོ་བོ་གཏུགས་ནས་རྒྱུག་ཤར་རྒྱུག་རྒྱུ་དེ་མ་གཞི་ཁོ་ཚོ་ལས་བྲེལ་གྱི་རྐྱེན་པས་
འགའ་ཞིག་གནས་བཤད་མི་གསན་པར་རྒྱུག་ཤར་རྒྱུག་ངེས་ཀྱང་མི་མང་པོ་ཞིག་ནི་
དེ་འདྲ་མ་རེད་འདུག མང་ཚོགས་མང་པོ་ཞིག་གིས་ཕས་སེམས་དང་བཅས་ཨ་
ཡ། གནས་བཤད་རྒྱག་མཁན་མེད་ན་དགོན་པ་འདིའི་རྟེན་གཙོ་ཡང་མི་ཤེས་པ་
འདུག་ཟེར་མཁན་མང་པོ་ཞིག་འདུག་ལ། ཁྱེད་རྣམ་པས་ཀྱང་གསན་ཡོད་ངེས་
རེད། །
དེས་ན་རིག་གནས་ལ་དུངས་བ་ཆེན་བཞིན། བྱམས་སེམས་ཀྱི་མཛེས་རྒྱན་
ཀླུབས་པའི་ང་ཚོའི་གྲྭ་བཙུན་རྣམས་པ་ཚོ། བདག་ཅག་ལ་ཅིས་ཀྱང་གནས་བཤད་
ཡག་པོ་རེ་གནང་བར་མཁྱེན་མཁྱེན།
།