གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་སྲོལ་གཏོད་ན་ཡིན།།
དེ་ཡང་གཤེན་རབ་མི་བོ་ཆེ་ཞེས་ཟེར་ན།
མི་འགའ་ཞིག་གི་བསམ་
པར་ཁོང་ནི་བོན་ཆོས་སྲོལ་གཏོན་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག
འོན་ཀྱང་དོན་དངོས་སུ་གཤེན་རབ་མི་བོ་ཆེ་མ་འཁྲུངས་གོང་ནས་བདུན་བོན་
དང་གདོན་བོན།
བཙན་བོན་སོགས་ཡོད་པ་རེད། འོ་ན་གཤེན་རབ་མི་ཆེ་བོན་
ཆོས་གཏོད་པ་མིན་ན་ག་རེ་སྲོལ་གཏོད་དམ་ཞེས་འདྲིས་ན། ཁོང་གིས་གཡུང་དྲུང་
བོན་སྲོལ་གཏོན་པ་ཡིན་ཞེས་ལན་གདེབ་པའོ།།
གཤེན་རབ་མི་བོ་ཆེ་ནི། དམུ་ཡི་གདུང་རབས་ཉི་ཤུ་པ་ཡིན་པ་དང་།
ཡབ་ཀྱི་མཚན་ལ་རྒྱལ་བོན་ཐོད་དཀར་ཟེར་བ་དང་ཡུམ་གྱི་མཚན་ལ་བཞད་མ་ཟེར་
བ་ཡིན། གཤེན་རབ་མི་བོ་ཆེའི་ཡབ་ཀྱི་སྐབས་ནས་བོན་ཡོད་པ་ཁོང་གི་མཚན་ལས་
གསལ་པོར་རྟོགས་ཐུབ་ལ། བཙན་པ་གྱེར་ཆེན་སྐབས་ནས། བཙན་བོན་ཡོད་
པའང་ཤེས་ཐུབ།།
འོ་ན་གཤེན་རབ་མི་བོ་ཆེས་གཡུ་དྲུང་བོན་ཇི་ལྟར་སྲོལ་གཏོད་དམ་ཞེས་ན། ཁོང་གི་དམར་མཆོད་བྱེད་པ་སོགས་ཀྱི་ཚབ་ཏུ་འབྲུ་དཀར་གྱི་གཏོ་མ་བྱེད་
པ་དང་ཡང་ན་ཁྲག་གི་སྐྱེམས་འབུལ་གྱི་ཚབ་ཏུ་འབྲུ་ཆང་གི་འཐུས་པར་བྱས་པའི་
མདོས་ཆོག་གི་སྲོལ་གསར་དུ་གཏོད་པ་ཡིན།།