སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
2627282930
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16134


 
ཕ་ལོ་དྲན་པ།
[ 2016/6/19 14:32:00 | By: ཁ་བ་རྐང་གླིང་། ]
 

 ཕ་ལོ་དྲན་པ།

 

 

སྐྱ་རྩེ་གོམས་རྩེ་མི་ཤེས་པའི་བདག

རི་ཀླུང་བརྒལ་ཏེ་གློག་འོད་ཀྱི་གྲོང་ཁྱེར་ཞིག་ཏུ་ཁྲིད་བྱུང

གྲོང་ཁྱེར་འདི་ཕུགས་འདུན་གྱི་གོམ་ལག་རྒྱས་སའི་ཞིང་ཁམས་ཡིན་ཟེར

གྲོང་ཁྱེར་དེ་མ་འོངས་པའི་ཕ་ས་ཡིན་ནོ་ཟེར

 

ཨ་ཕའི་མངགས་བྱ་དག་དྲན་འཛིན་དུ་གཏན་པོར་ངེས

རང་གི་ཕུགས་བསམ་ལ་ཁ་ལོ་བསྒྱུར་སའི་ཞིང་ཁམས་དེ་ན

ཀ་ཁ་ག་ངའི་དབྱངས་རྟ་ནས་གྱེར་ཏེ

རྒྱ་ཡིག་གི་ཤམ་ཐབས་ནས་འཇུས་ཏེ

ཕུ་བསམ་གྱི་སླད་དུ་མདུན་ན་མདུན་དུ་འདུར

 

གཞུང་ཞབས་པ་ཞེས་པའི་ཡིག་འབྲུ་འདི་དག་ཆེ་དྲག་པས་ཡིན་ནམ

རང་ཉིད་ལ་ནུས་པ་ཆུང་དྲག་པས་ཡིན

བདག་གིས་གསལ་པོར་ཤེས་པར་དཀའ

བདག་དང་ཕ་ཡུལ་གྱི་བར་དུ་གཙང་པོ་ཆེན་པོ་ཞིག་གིས་ཆོད་ནས་འདུག

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.