གློག་ཞུན་འོག་གི་གྲོང་སྡེ།
ཁ་བ་རྐང་གླིང་།
གློག་ཞུན་ཀླུབས་པའི་གྲོང་སྡེ
ཟླ་འོད་འོག་ན་རྒྱུ་སྐར་བཞིན་ལྷེམ་ཙམ་ལྷེམ་ཙམ
སྐར་མ་ལྷ་བུའི་གྲོང་སྡེ
གྲོང་སྡེ་དེའི་ནང
མི་ཆོགས་ཀྱི་ཁོལ་བཞིན
གཅིག་གིས་གཅིག་ལ་ཅེར་ནས
མཛུབ་མོ་དག་ཕན་ཚུན་སྣ་ལ་འཛུགས་རེས་བྱེད
བཅའ་དངོས་དག་ནང་དུ་བཅུག་དགོས
ལམ་ལ་སྐྱོད་རྒྱུ
མིག་ཟུང་ཕྱོགས་བཞི་ནས་འཚོལ་དགོས
སྔོ་ལྗང་གི་རྩ་ཐང
རྩ་ཐང་གི་ལུག་ཁྱུ
ལུག་ཁྱུ་དང་ཁྱུང་དཀར་མཛོ་མོ
ངའི་ཆུང་དུས་ཀྱི་རྩེད་གྲོགས
རྩེད་གྲོགས་དེ་དག
སྨུག་པས་བཟུང་བའི་སྐར་མ་བཞིན
རེས་གསལ་རེས་མོག