ཞིང་གྲོང་།
ཐོག་བརྩེགས་ཀྱི་ཁང་པ
མིག་མཐའ་ནས་མངོན་པར་དཀའ
རླང་འཁོར་གྱི་དུག་རླང
ཏིར་ཏིར་གྱི་དུང་སྒྲ
མི་ཚོགས་ཀྱི་རྦ་རླབས
ང་རང་སྣུམ་ནག་གི་གཞུང་ལམ་ནས་བགྲོད་པར་དཀའ
ངའི་སེམས་པ་འདི རྔུལ་ནས་ཐག་སྒྲ་དང་བཅས་ཟག་ཡོང
བདག་གི་ལུས་པོ་འདི་ངལ་ནས་རིལ་བཞིན
རྐང་པ་གཉིས་པོ་འདི་ཡང་བཙུག་པར་དཀའ
རླུང་པའི་སྲིང་ནས་སྒྲ་ཞིག་གྲག་བཞིན
བདག་གི་རྣ་བ་བླག་ནས་མཉན་དུས
ཞིང་གྲོང་ན་བྱ་སྐད་གྱི་ཁེངས་འདུག་ཟེར
སྒོར་གཞས་ཀྱི་འཁྲབ་མཚན་ཡོད་དོ་ཟེར
བདག་གི་གོམ་པ་འདི
ཁྱེད་ཀྱི་ཕྱོགས་སྤོ་ནས་འགྲོ