ཞིང་པའི་སློབ་མ།
ཁ་བ་རྐང་གླིང་།
སྔོན་འགྲོ
དགེ་རྒན།
དོན་གྲུབ ལྷ་མོ
བདེ་སྐྱིད སྐལ་བཟང་། བཀྲ་ཤིས།
དགེ་རྒན་རྣམས་ངོ་གདོམ་ཅུང་སྨུག་ཅིང་། བཀྲ་ཤིས་མིག་ཤེལ་ཞིག་བཏགས་ཡོད་པ།
སློབ་མ།
རྡོ་རྗེ བུ་ཁྲིད།
ལྷ་མཛེས་སོགས་བཅུ་ཁྲག་ཁ་ཤས་ཡོད།
སློབ་མ་ཚོས་སློབ་གོས་གྱོན་པ།
འཁྲབ་གཞུང་དངོས།
ནང་གི་བརྙན། སློབ་ཁང་། དུས་ཚོད་ཉིན་གུང་།
ཏང་ཏང་སློབ་ཚན་གྲོལ་བའི་དྲིལ་བརྡ་གཏོང་བའི་སྒྲ་དང་བསྒྲགས་ཏེ་བརྙན་ཡོལ་ག་ལེར་ཕྱེ་ནས། སློབ་ཁང་ནང་བོད་ཡིག་དགེ་རྒན་དོན་གྲུབ་ཀྱིས་རྡོ་རྗེར་ཉེས་བརྡུང་བཞིན། རྡོ་རྗེ་མགོ་སྐྲ་ཕུར་ཕུར་ངུ་སྒྲ་ཚིར་ཚིར་དུ་སློབ་ཁང་ནས་ཁྱར་ཁྱོར་དུ་ཕྱིར་བུད་ཤིང་ཡོད།
ཕྱི་བརྙན།
དགེ་རྒན་ལྷ་མོ། སློབ་མ་མང་པོ་ཞིག་གིས་མཐའ་ནས་
སྐོར་བ།
རྒན་དོན་གྲུབ་ག་རེ་གནང་སོང་ངས།
དོན་གྲུབ།
ལྟས་ངན་འདིས་བོད་ཡིག་སྦྱོང་ཚན་བྲིས་མེད་པ་མ་ཟད། འཛིན་གྲྭའི་ནང་གི་སློབ་
ཕྲུག་གཞན་པ་ཚོ་སློབ་སྦྱོང་བྱེད་དུ་མ་བཅུག་པར། བརྙེད་ཀོ་གིན་འདུག
དགེ་རྒན་ལྷ་མོ།
འོ་ཡ
དེ་བཞག་ཕྲུ་གུ་འདི་ཚོ་ཉན་ཡས་རྒྱུན་ནས་མིན་འདུག
དགེ་རྒན་དོན་གྲུབ།
རེད་བཞག་ཕྲུ་གུ་འདི་ཚོ་ག་ཚོད་བཤད་ནས་ལས་ཉེན་ཡས་མིན་འདུག།
ཁོས་སྦྱོང་ཚན་ཁ་ཕྱེ་ཏེ། ད་རང་གི་སྦྱོང་ཚན་དེབ་ལ་ལྟོས་དང་། འབྲི་དེབ་གསར་པ་རེད།
མི་ཚོ་ལྷ་མཛེས་ཁོ་ཚོས་བྲི་དེབ་ལ་ལྟོས་དང་གཙང་བཞིན་དུས་ཐོག་ཏུ་ལེགས་གྲུབ་བྱེད་ཐུབ་ཀྱི་མིན་འདུག་གས།
སློབ་མ་རྡོ་རྗེས།
བདག་ལ་ཨ་མས་ཞིང་ལས་བྱེད་དུ་བཅུག་པ་ལས་དེབ་ལྟ་རུ་འཇུག་གིན་མི་འདུག
འཛིན་བདག་བདེ་སྐྱིད། རྒྱ་ཆས་སྤྲད་ཅིང་རྣ་ལ་གསེར་གྱི་ཨ་ལོང་བཏགས་པ།
སྐབས་དེར་ཏག་ཏག་དགེ་རྒན་བདེ་སྐྱིད་འཛིན་གྲྭའི་ནང་ལྟ་སྐོར་ལ་ཡོངས་བ་དང་སྐབས་ཁེལ་བས།
དགེ་རྒན་བདེ་སྐྱིད་ཀྱི་རྒན་ལགས་ཁོས་ཡང་ག་རེ་བྱས་སོང་ཞེས་བྲིས།
དགེ་རྒན་རྡོ་རྗེ།
ཁོས་མ་ནས་སློབ་སྦྱོང་ཁོ་ར་བྱེད་པ་མ་ཟད། སློབ་ཕྲུག་གཞན་པ་ཁོ་ཚོ་ལས་གནོད་སྐྱེལ་ཀྱི་འདུག
འཛིན་བདག་བདེ་སྐྱིད།
ལྟས་ངན་བོང་བུ་འདི་ལ་བཤད་མ་བཤད་ཡོ་མ་རེད། རྒན་ལགས་ཉེ་རང་ཁ་ན་རོག་རེད །
སློབ་མ་རྡོ་རྗེ།
སྣང་ལུད་འཛར་འཛར་དུ། མིག་ཆུ་ལྷུག་ལྷུག་ཏུ་ཟག་བཞིན། རྒན་ལགས་ཁྱེད་རང་གི་
ངའི་ནང་མི་ཡ་གཅིག་གསུང་རོགས་གནང་། ང་ལ་ནང་མིས་ཞིང་ལས་སྐུལ་ཏེ་སློབ་སྦྱོང་
བྱེད་དུ་བཅུག་གི་མིན་འདུག།
དགེ་རྒན་དོན་གྲུབ།
ཁོས་མནོ་བསམ་ཕྲན་བུ་ཞིག་གཏང་རྗེས། དངོས་གནས་རེད་པས
སློབ་མ་རྡོ་རྗེ།
ངུ་བཞིན་ངོ་མ་ཡིན།
ཁྱེད་རང་ཡིད་མ་ཆེས་ན་ཚོན་ཀྲང་ལ་འདྲིས་དང་།
དགེ་རྒན་རྡོ་རྗེ།
ང་ཚོས་ཚོན་ཀྲང་ལ་འདྲིས་ཀི་རེད། ཁྱོད་རས་ཧམ་པ་བཤད་ཡོད་ན། ཉོབ་ཆ་ཟ་གི་རེད་ལྟ།
2
ནང་བརྙན།
བརྙན་ཡོལ་དགེ་རྒན་གྱི་གཞུང་ཁང་ནང་སྤོ་དགོས་པ།
ཐག་ཐག་གོམ་སྒྲ་ཞིག་གིས་འགྲོས་དང་བསྟུན་ནས། བརྙན་ཡོལ་ག་ལེར་ཕྱེ་བ།
དགེ་རྒན་དོན་གྲུབ་ཀྱི་འཇིན་བདག་བདེ་སྐྱིད་ལ་ཁོའི་གནས་ཚུལ་རྣམས་བཤོད་བཞིན་པ།
འཛིན་བདག་བདེ་སྐྱིད།
ངོ་མ་ཡིན་ན་ང་ཚོས་ཁྱིམ་བདག་ལ་མ་ལབ་ན། ཕྲུ་གུར་གནོད་སྐྱེལ་ཀྱི་རེད་ལ། ང་ཚོ་ལས་གནོད་སྐྱེལ་ཀྱི་རེད།
3
ཕྱི་བརྙན། དར་མར་ལྷབ་ལྷུབ་ཏུ་གཡོ་བའི་གྲོང་ཚོ་ཞིག དུས་ཚོད་དགོང་མོ།
གྲོང་ཚོ་ཨུ་ཡོན་ལྷན་ཁང་།
རྒྱ་དར་དམར་ལྷབ་ལྷབ་ཏུ་གཡོ་བ་དང་མཉམ་དུ།
འཛིན་བདག་བདེ་སྐྱིད་ཀྱི་ཚོན་ཀྲང་ལགས་ཞེས་སྐད་གཏོང་བ།
ཀྲེ་པུའུ་ཧྲུ་ཅི།
ངོ་གདོང་ཅུང་ནག་ཅིང་གྱོན་གོས་ཐལ་བརྡུལ་གྱི་ཁེངས་པ། ལོ་ན་བཞི་བཅུ་ཡོལ་ཙམ།
སྒོ་ཧྲག་སྒྲ་དང་བཅས་ཕྱེ་ནས་ཚོན་ཀྲང་རྫོང་ནང་ཕྱིན་སོང་། རྒན་ལགས་ལ་ཕྱག་ནས་ག་རེ་ཡོད།
འཛིན་བདག་བདེ་སྐྱིད། ཁྱེད་རང་ཚོའི་གྲོང་ཚོའི་སློབ་མ་རྡོ་རྗེའི་ཁྱིམ་གང་དུ་ཡོད་མེད་སྐད་ཆ་འདྲི་མཁན་ཡིན།
ཀྲེ་པུའུ་ཧྲུ་ཅིས་མོ་ཁྲིད་དེ་རྡོ་རྗེའི་ཁྱིམ་ནང་ཕྱིན་པ།
4
བརྙན་ཡོལ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་རྗེས་ནས།
ཕྱི་བརྙན། བརྙན་ཡོལ་ཤིང་སྒོ་ཆུང་ཆེ་བ་ཞིག་གིས་སེར་ག་བརྒྱུད་ནས་སྒོ་རྭའི་ནང་ལྕ་སྡོང་མང་པོ་སྐྱེས་བཞིན་བུ་མོ་ལོ་ན་ཉི་ཤུ་ལྷག་ཙམ་ལ་སླེབས་པ་ཞིག་ར་ལུག་གྲངས་ཀ་རྒྱག་བཞིན་ཡོད།
ཀྲེ་པུའུ་ཧྲུ་ཅི།
རྡོ་རྗེ་སྒྲོལ་མ་ཨ་མ་ནང་ལ་སྡད་ཡོད་པས།
རྡོ་རྗེ་སྒྲོལ་མ། བུ་མོ། ལོ་ན་ཉི་ཤུ་ཚམ་ཞིག བོད་ལྭ་གྱོན་པ།
སྡད་འདུག
བརྙན་ཡོལ་ནང་བརྙན་དུ་བསྒྱུར་བ།
གློག་འོད་ཁོ་ནས་ལས་མེད་པའི་འོག་ཐོག་ནས་ཤིང་གི་སྐས་འཛེགས་བརྒྱུད་དེ་ཉིས་ཐོགས་ནང་འཛེགས་པ།
དུད་དྲེག་གི་བཟི་བའི་ཤིང་སྒོ་ཅུང་ཆུང་བའི་ནས་དམར་ལམ་ལམ་དུ་འབར་བའི་ལྕགས་ཐབ་ཀྱི་ཧུའུ་དང་ཧ་ཡང་སོགས་བཅའ་དངོས་འགའ་ཤས་བཞག་པ།
དེའི་འགྲམ་ན་ཨ་མ་སྒྲོལ་མ། ཐབ་ལས་བྱེད་བཞིན་ཡོད། ཁྲིས་སུ་བཅའ་ལག་ཟང་ཟིང་དུ་བཞིན། ཅུང་དམའ་བའི་ཉལ་ཁྲི་ཞིག་ཡོད།
ཨ་མ་སྒྲོལ་མ༼ལོ་ན་ལྷ་བུ་ཙམ། ལུས་ལ་བོད་ལ་གྱོན་བཞིན་ སྐེ་ལ་ཕྲེང་བ་ལིག་བཏགས་ མགོ་ལ་ཅང་ལོ་སྤྱིང་ཡོད༽
ཀྲེ་པུའུ་ཧྲུ་ཅི།
ཨ་མ་སྒྲོལ་མ།
འདི་ནི་རྡོ་རྗེའི་འཛིན་བདག་དགེ་རྒན་རྒན་བདེ་སྐྱིད་རྦད།
རྒན་ལགས་ཁྱེད་རང་དང་སློབ་གྲྭ་གི་སྐོར་སྐད་ཆ་བྱེད་དགོས་ཡོད་ཞུ་གི
ཨ་མ་སྒྲོལ་མ།
རྒན་ལགས་སྔོན་ཞུགས་དང་། བདག་གིས་ལམ་བཟང་ཇ་བཟོ་ཀོ
འཛིན་བདག་བདེ་སྐྱིད།
ཨ་ཅག འདི་འདྲས་དགོས་མ་རེད
ཨ་མ་སྒྲོལ་མ།
བདག་ཚོ་ཞིང་པ་མི་གཙང་ཙམ་ཡོ་རེད། གསོལ་མ་བ་ཕྱུག་རང་གི་རྦད།
འཛིན་བདག་བདེ་སྐྱིད།
ག་ནས་ག་ནས།
ཨ་མས་ཤིང་ལས་བཟོས་པའི་ཇ་གདོང་ནང་ཇ་བཤད།
དགེ་རྒན་གྱི་རྒྱབ་ཀྱི་གྱང་ངོས་སུ་སེར་གས་ཁེངས་པའི་སྒེའུ་ཁུང་ཞིག་ཡོད།
དགེ་རྒན་ལ་དཀར་ཡོལ་གཙང་མ་ཞིག་ཆ་སྒམ་ནས་བསྟོན་ཏེ་གསོལ་ཇ་མར་དྲི་ཚུབ་ཚུབ་ཞིག་བླུགས དཀར་ཡོལ་ཁ་ནས་རླང་པ་འཚུབ་འཚུབ་བྱེད
འཛིན་བདག་བདེ་སྐྱིད།
ཨ་ཅག་ལགས།
མི་ཚོས་ཟེར་ཡས་ལ་ཁྱེད་རང་གི་བུ་རྡོ་རྗེར་ཞིང་ལས་ཀྱང་སྐུལ་ནས་
སློབ་སྦྱོང་བྱེད་དུ་བཅུག་གི་མིན་འདུག་ཟེར་གྱི་འདུག་རེད་པས་ལགས
ཨ་མ་སྒྲོལ་མ། བདག་ལ་ནང་དུ་བུ་འདི་གཅིག་པོ་ནེ་ལས་མེད། བུ་གཅིག་པོ་ནེ་སློབ་གྲྭར་གཏང་ན། ང་ཚོ་མག་པ་བསུ་པས་མ་བྱུང་།
འཇིན་བདག་བདེ་སྐྱིད།
དེ་འདྲ་ཟེར་རྒྱུ་མོ་རྦད་དོ
ཕྲུ་གུ་སློབ་གྲྭར་མ་གཏང་བར་མི་རབས་ནས་མི་རབས་ཞིང་པ་ལ་བཞག་ཀྱ་འོ་ན།
བརྙན་ཡོལ་དེ་དུད་དྲེག་གི་བཟི་བའི་ཆ་སྒམ་སྟེང་གི་བཅའ་དངསོ་སྟེང་སྤོ་བཞིན་
ག་ལེར་བཅའ་དངོས་ནས་མེ་ཐབ་ཀྱི་འགྲམ་དུ་སློབ་གོས་གྱོན་པའི་རྡོ་རྗའི་ཐོག་བསྒྱུར་ཅིང་
རྡོ་རྗེ་མཆིང་པ་བསྲེད་བཞིན་ཡོད
ཨ་མས
ད་བདག་ནི་ཞིང་ཡིན་པས་སློབ་ཡོན་མང་པོ་དེ་འདྲ་གཏོང་ཐུབ་པ་མིན་འདུག་ལ
བདག་ཚོ་ཞིང་པ་དམའ་ཆགས་རང་འགུལ་གྱི་ཞིང་ལས་ཁོ་རང་བྱས་ན་ཡགག་པད་ལགས
དེ་ནས་བརྙན་ཡོལ་ཐབ་ནང་གི་མེ་ལྷབ་ལྷབ་དུ་སྦར་བའི་སྟེང་སྤོས་པ་དང་སྦྲག་གཞོན་མུ་དེས་ཐུབ་པ་རུམ་པ ག་ལེར་མོའི་རྗེས་དེད་ནས་ཐོག་ཁའི་སྟེང་ནས་ཁོ་ཚོའི་ཡུལ་ལུང་གི་གནས་བབ་མངོན་པར་བྱེད་དགོས་པ་དང་། བརྙན་ཡོལ་གཅིག་གི་དགེ་རྒན་གྱི་རྡོ་རྗེའི་ཨ་
མར་བསླབས་བྱ་བྱེད་པ་མངོན་པ་ལས་སྐད་ཆ་མ་མི་གོ དེའི་བར་དུ་ཨ་མས་འཛིན་བདག་
དང་ཀྲེའུ་པུ་ཧྲུའུ་ཅི་གཉིས་ལ་ཇ་བླུགས་པའི་བྱ་བ་གཉིས་ནས་གསུམ་བར་ཡོད།
དེ་ནས་སྐར་མ་གསུམ་ཙམ་ནས་བརྙལ་ཡོལ་ནང་དུ་བསྡུ་བ་མ་ཟད། འཛིན་བདག་ལངས་
ནས་ཆས་འགྲོ་བའི་སྐབས་འཛིན་བདག་གིས་ཁོའི་མགོ་བོར་བྱིལ་བྱིལ་བྱེད་བཞིན་པ།
བྱིལ་བྱིལ་བྱེད་བཞིན། འཛིན་བདག་གིས་རྡོ་རྗེ་ད་རྗེས་སུ་སློབ་སབྱོབ་ཡག་པོ་བྱིས་ཨ།
ཨ་མས་རང་ད་སློབ་གྲྭར་གཏང་ནས་ལས་བྱེད་པ་བྱེད་རྒྱུའི་ཁས་ལེན་སོང་ང་།
སྐབས་དེ་དུས་རྡོ་རྗེས་མགོ་ཕུར་ཕུར་བྱེད་བཞིན་ལགས་སེ་ལགས་སེ་ཟེར། ཟུར་ཞིག་ན
ཨ་མ་འཛུམ་ཙམ་འཛུམ་ཙམ་བྱེད་པ། འཇིན་བདག་གི་རྒྱབ་ནས་ཀྲེའུ་པུ་ཧྲུའུ་ཅིས་
ད་ཡིན་པ་ལས་བྱེད་པ་ཆགས་ནས་ཨ་མ་ལྷ་ས་ལ་འཁྲིད་ཐུབ་པ་བྱེད་ཀོ་རྦད་དོ་ཟེར་བཞིན་
རྒད་མོ་ཞིག་རྒད
དེ་ནས་ ཁྱི་སྐད་རེ་གཉིས་ལས་མེད་པའི་མཚན་མོ
ཁོ་རང་ལས་བྱེད་ཞིག་ཆགས་པ་མ་ཟད། ཨ་མ་དང་ཨ་ཅག་གཉིས་ལྷ་ས་ཁྲིད་ནས་བར་སྐོར་
བ་རྨིས་རྗེས། གཉིད་ལས་བསད། གཉིད་ལས་བསད་རྗེས། སློབ་སྦྱོང་ཡག་པོ་བྱེད་རྒྱུའི་ཆོད་སེམས་ཤིག་མངོན་ནོ།