གཡུ་བྱུར་ལྟ་བུའི་ནོར་བུ།
ཁ་བ་རྐང་གླིང་།
སྐྱ་ཐང་ཐང་གི་འཇིག་རྟེན་ནས
ཨ་མའི་མངལ་དུ་ལྷུང་བའི་ཁྱེད
གཡུ་བྱུར་ལྟ་བུའི་ཡོད་ཚད་ཀྱི་ཡོད་ཚད
སྙིང་ནོར་ཁྱེད་རང་ཡིན
ཟླ་དགུ་ཞག་བཅུ་ནས་འཁྲུངས་པའི་ཁྱེད
ཙེར་ཙེར་གྱི་སྐད་སྒྲ་འདི
གླུ་སྐད་ལྟར་སྙན་བཞིན་འཇེབས
ལག་མཐིལ་གྱི་ཤ་རྡོག་དང་འདྲ་བའི་ཁྱེད
ངའི་སྐྱབས་གནས་ཀུན་མཆོག་ཏུ་འཁྲུལ་བར་བྱེད
གཅེས་ཕྲུག
ཁྱེད་ནི་ངའི་མིག་གི་ལོངས་སྤྱོད་ཡིན་
ཁྱེད་ནི་ངའི་སེམས་ཀྱི་ཟས་མཆོག་ཡིན
གཅེས་ཕྲུག
དྲིན་ལན་ཞེས་པའི་ཡི་འབྲུ་དེ་རྒྱང་ལ་དོར་ནས
ཨ་མ་ལྟ་བུའི་སྐད་ཡིག་འདི་ལེགས་པར་བརྩོན་ནས
མཚར་དུ་དངར་བའི་ཡིག་འབྲུ་འདི་དག
སེམས་པ་དག་ནད་གི་བཟི་བའི་མི་ཡུལ་འདིར
བྱམས་སེམས་ཀྱི་དབྱངས་རྟར་བརྟེན་ཏེ
ཧི་མ་ལ་ཡ་བརྒལ་ནས ཞི་བདེ་རྒྱ་མཚོ་བཅད་དེ
ཕྱོགས་བཞིར་སྤུར་དགོས།