ཁ་བ།
ཉི་འོད་སྤྲིན་པས་སྦས
ནག་ཐིང་ཐིང་གི་ནམ་མཁའ
སྐར་མ་ལྟ་བུའི་ཁ་བ
ལྷབ་ལྷུབ་དུ་འབབ
ལྷབ་ལྷུབ་ངང་ངའི་མགོ་ཐོག་ཏུ་འབབ
ལུས་པོ་འདི་གྲང་ཤུར་ཤུར
སེམས་པ་འདི་ཡང་འཁྱགས་ནས་གས
ཁྲག་རྩ་དག་འགག་འགྲོ
དཀར་གཙང་གི་ཁ་བཏགས་དང་འདྲ་བའི་ས་གཞི
དཀར་ཞིང་གཙང
མནར་གཅོད་ཀྱི་བཟི་བའི་སེམས་པ
ཇི་ལྟར་བཀྲུས་ཀྱང་ནག་ནས་ནག་པོར་འགྲོ
ཀུན་མཆོག་གིས་མཁྱེན
བདག་གི་སེམས་པ་འདི་གཙང་མར་བཀྲུ་རོགས
གཙང་མ་ནས་གཙང་མར་བཀྲུ་རོགས