སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 15998


 
མཆོད་མཇལ་ནི་མགོ་རྡུང་རྒྱུ་མ་ཡིན་ནོ།།
[ 2015/12/4 22:16:00 | By: ཁ་བ་རྐང་གླིང་། ]
 

     མཆོད་མཇལ་ནི་མགོ་རྡུང་རྒྱུ་མ་ཡིན་ནོ།།

 

སྐར་མདའི་རླང་འཁོར་བསྡད་དེ།།

བདེ་འཇམ་གཞུང་ལམ་བརྒྱུད་ནས།།

ས་སྐྱའི་སྒོ་ཆེན་འཛུལ་ཡོད།།

སྒོ་ཆེན་ནང་གི་སྒོ་རྭ།།

ཟང་ཟིང་མི་ཡི་ཁེངས་འདུག།

བདག་ལ་བདག་རང་འདུག་སའི།།

སྦར་ལེབ་གནས་ཡང་མིན་འདུག།

མནོ་བསམ་སྐུད་སྣེར་རྒྱུས་ན།།

དད་པས་དེད་ནས་འོང་འདྲ།།

 

མཆོད་ཁྲིའི་སྐུ་འདྲར་མ་གཟིགས།།

མགོ་བོ་མཆོད་ཁྲིར་བརྡུང་གི།

སྒོར་མེད་དབུལ་པོ་ཡིན་ཀྱང་།།

བསག་པའི་སྒོར་མོ་དེ་དག།

ཕྱུག་པོའི་བདག་པོར་གཏེར་རོ།།

ག་ལེར་ཞིབ་མོར་ལྟས་ན།།

མཚར་པོའི་ལྟད་མོ་མང་ངོ་།།

དེ་འདྲ་དེ་འདྲའི་གནད་ལ།།

བསམ་བཞིན་བསམ་པར་བྱས་ན།།

ཨ་ཐང་ཆད་པར་བྱེད་དོ།།

 

དད་པ་དད་པ་ཟེར་བཞིན།།

དད་པའི་ནང་གི་དད་པ།།

གང་ལ་ཟེར་བ་མི་ཤེས།།

འདྲ་སྐུ་མཐོང་མ་ཉིད་དུ།།

གཟན་དམར་རེག་མ་ཉིད་དུ།།

མགོ་སྒུར་ལྕེ་སྣར་བྱེད་པ།།

བླུན་པོ་སྐྱག་གཟན་འགའ་ཡི།།

བླུན་རྟགས་སྟོན་ལུགས་ཡིན་ནོ།།

 

ཞིབ་མོས་ལེགས་པར་དཔྱད་དེ།།

ཤེས་རབས་རྒྱལ་པོ་དག་ལ།།

བདག་ཀྱང་ཕྱག་དབང་ཞུ་འོ།།

མི་ཞུ་བདག་གི་ཟེར་ན།།

བདག་གི་སྲོག་འདི་འབུལ་ལོ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.