སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཕ་ཡུལ་དིང་རི།
[ 2015/12/5 11:08:00 | By: ཁ་བ་རྐང་གླིང་། ]
 

  ཕ་ཡུལ་དིང་རི།

  

འདི་ནས་ཕར་རིའི་ཕར་ལ་ཕྱིན་པའི་རི་རྒྱབ་ན།།

ལྷ་ཡི་ཡུལ་ལ་སྐྱེངས་པ་སྟེར་བའི་ཕ་ཡུལ་ཡོད།།

ཕ་ཡུལ་རི་ཀླུང་ནགས་ཀྱི་མཆོར་རྒྱན་སྤྲས་ནས་ཡོད།།

ཕ་ཡུལ་གཙང་ཆུ་ཤེལ་གྱི་མེ་ལོང་བྱས་ན་ཡོད།།

ལྗོན་པའི་རྩེ་མོར་བྱ་བྱེའུ་གསུང་སྐད་ཀྱུ་རུ་རུ།།

ནགས་ཀྱི་ཚལ་དུ་སྟག་དོམ་ངར་སྐད་དི་རི་རི།།

སྤང་ལྗོངས་སྔོ་མོ་གཡུ་ཡི་གཞོང་པ་བཞིན་དུ་གནས།།

མེ་ཏོག་ཁྲ་ཚོམ་ནམ་མཁའི་སྐར་མ་བཞིན་དུ་བཀྲ།།

བུ་མོ་མཛེས་མའི་གླུ་དབྱངས་རི་ཀླུང་ཐང་གསུམ་གྲག །

ཨ་མ་རྒད་མོའི་བྱམས་སེམས་ཟ་ཟུར་ཡོངས་སུ་ཁྱབ།།

ཕ་ཡུལ་ཟེར་བའི་ཡིག་འབྲུའི་རྒྱབ་གྱི་ཕ་ཡུལ་འདི།།

མིག་མདུན་ཕར་རྒྱུག་ཚུར་རྒྱུག་མིག་གིས་ཟིན་པར་དཀའ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.