སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - 11 >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16037


 
རང་གྲོལ་རྗེས་དྲན་ལ་ཕུལ་བ།།
[ 2015/11/30 23:32:00 | By: ཁ་བ་རྐང་གླིང་། ]
 

རང་གྲོལ་རྗེས་དྲན་ལ་ཕུལ་བ།།

 

                                      ཁ་བ་རྐང་གླིང་།

 

མུན་པས་བསྒྲིབ་པའི་ཡུལ་ནི།།

མིག་ལྡན་མདུན་ལས་མཐོང་དཀའ།།

ལག་གི་སྦར་མོས་བྲད་དགོས།།

དེ་འདྲའི་སྡུག་ངལ་མི་ཆེའམ།།

 

ཤར་ཕྱོགས་རི་བོའི་རྩེ་ནས།།

སེར་པོའི་འོད་ཅིག་འཚེར་སོང་།།

ས་གཞིར་ག་ལེར་བབསཔས།།

དགུང་སྔོན་ཉི་མ་རེད་འདྲ།།

 

ཉི་མ་གངས་ལ་བབས་དུས།།

གངས་སེང་ངར་སྐད་གྲག་བྱུང་།།

གཡུལ་རལ་དགུང་ལ་གཏོར་བཞིན།།

ས་གཞི་གཉིད་ལས་དཀྲོག་སོང་།།

 

ག་ལེ་ག་ལེར་བསམ་ན།།

ཐམས་ཅད་ང་ཚོའི་དོན་རེད།།

ངར་བཞིན་ཕོད་པའི་གངས་སེང་།།

མི་དྲན་བློ་མེད་སྐྱག་ལྐུགས།།

 

དེ་རིང་ང་ཡི་མཆོད་ཀོང་།།

དད་པས་ཕུལ་པའི་མར་མེ།།

འོད་དུ་འཚེར་བཞིན་སྤར་ཏེ།།

བདེ་ལེགས་ཡོང་བར་སྨོན་ནོ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.