རུས་མིང། རྐྱང་ཚེ་བློ་བཟང་དཔལ་འབྱོར།
ཕ་ཡུལ། བྱང་འདམ་གཞུང་རྫོང།
དེ་རིང་གཉིད་ནས་བཞུར་བའི་ཁ་ཆུ་དེ
སང་ཉིན་གྱི་མིག་ཆུ་ཡིན།
འཛུམ་དཀར་ལྷ་མོ།
འབྲོག་ཁ་མང་།
༡
རང་ཁྱིམ་དྲོན་མོའི་དགའ་སྐྱིད་ལ་རོལ་བའི།།
ཡབ་ཡུམ་ཟུང་གི་གམ་རོལ་ནས་འཚོ་བའི།།
སྙན་ངག་ཚིག་གི་སྟར་ཕྲེང་ལ་འཁྱུད་པའི།།
འཛུམ་དཀར་ལྷ་མོ་སེམས་གཏིང་ནས་དྲན་ནོ།།
༢
དགའ་བ་སྟོང་གི་རྣམ་ཤེས་སུ་འཁོར་བའི།།
དྲན་པ་ཁྲི་ཡི་རུས་རྐང་དུ་འཐིམས་པའི།།
རང་སེམས་གསོ་བའི་འཚོ་བཅུད་དུ་བསྒོམས་པའི།།
འཛུམ་དཀར་ལྷ་མོ་སྙིང་དབུས་ནས་དྲན་ནོ།
༣
བཞིན་བཟང་པད་མ་རང་ཤར་དང་འདྲ་བའི།།
སྐྱེ་གཟུགས་ནམ་མཁའི་ལྷ་མོ་དང་མཚུངས་པའི།།
ཐུགས་གཤིས་བསིལ་འཇམ་རླུང་བུ་དང་འགྲན་པའི།།
འཛུམ་དཀར་ལྷ་མོ་ཤ་གསེང་ནས་དྲན་ནོ།།
༤
ལག་ཟུང་ཁ་པར་ཐོགས་ཏེ་བདེ་སྡུག་རེ་གླེང་བའི།།
སྙིང་གཏམ་ཤབ་ཤུབ་སྙིང་དབུས་ནས་འཁྲུངས་པའི།།
མཉམ་བཤིབ་ལོ་ཟླ་མིག་ལམ་སུ་འཆར་བའི།།
འཛུམ་དཀར་ལྷ་མོ་ཞེ་གཏིང་ནས་དྲན་ནོ།།
ཉིན་རེའི་མཛའ་འཕྲིན་ལས་བཏུས།
༢༠༡༣.༦.༣༠
- ཟིན་ཐོ་གོང་མ།སྙན་ཚོམ་ཁག་ལྔ།
- ཟིན་ཐོ་འོག་མ།ཆེས་ཁོམ་པའི་མི་དེ་ཚོ།༼ཞར་བཀོད་གཅིག༽


